ཡུན་ནན་གྱིས་2024ལོའི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྐོར་གྱི་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་པ།
ཉེ་ཆར། ཡུན་ནན་གྱིས་ཡོངས་བསྒྲགས་བྱས་པའི《2024ལོའི་ཡུན་ནན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པར། 2024ལོར་ཡུན་ནན་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། གྲོང་ཁྱེར་གྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་ཚད་99.1%ཟིན་པ། ཆུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། ས་མཐོའི་མཚོའི་ཆུའི་སྤུས་ཚད་བརྟན་ཐོག་ལེགས་འཕེལ་བཅས་བྱུང་ནས་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་འགན་ལེན་ཐུབ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་ཡུན་ནན་ཞིང་ཆེན་རྒྱལ་ཁབ་ཀྱི་དཔྱད་ཞིབ་ནང་བཅུག་པའི་ས་ངོས་ཆུའི་བཅད་ངོས་ཀྱི་ཆུ་སྤུས་ལེགས་ཚད་93.6%ཟིན་པ་དང་ཆུ་རྒྱུད་ཆེན་པོ་དྲུག་གི་རྒྱལ་སྒྲོལ་བཅད་ངོས་ཀྱི་ཆུའི་སྤུས་ཚད་100%ཟིན་ཡོད། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་11.35གཏན་འཁེལ་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། ས་ཆུ་སྲུང་འཛིན། ཆུ་རྩ་གསོ་འཁྱོངས་ཁུལ་བཅས་སྐྱེ་ཁམས་ཞབས་ཞུའི་ནུས་པ་ཆེན་པོ་གསུམ་འདོན་སྤེལ་ནུས་ལྡན་ཐུབ་ཡོད།