དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་དུང་ཕྱུར་1ཙམ་ཟིན་པ།

    རགས་ཆེན་གྱི་རིགས་དང་། རགས་ཆེན་གྱི་གྲངས་འབོར། མཐོ་རགས་ཀྱི་གྲངས་འབོར་སོགས་འཛམ་གླིང་གི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-14

    མིག་སྔར་རང་རྒྱལ་དུ་ཆུ་མཛོད་ཀྱི་རགས་ཆེན་ཁྲི་9.5ཙམ་ཡོད་པ་དང་། སྤྱིའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་དུང་ཕྱུར་1ཙམ་ཟིན་ཡོད། 2024ལོར་རྒྱལ་ཡོངས་ཀྱི་ཆུ་གློག་གི་གློག་འདོན་ཚད་ཆན་ཝ་དུང་ཕྱུར་4.36དང་ལོའི་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་14257ཟིན་ཡོད། རགས་ཆེན་གྱི་རིགས་དང་། རགས་ཆེན་གྱི་གྲངས་འབོར། མཐོ་རགས་ཀྱི་གྲངས་འབོར། ཆུ་ཤུགས་ཀྱི་གློག་འདོན་གཞི་ཁྱོན་བཅས་ཚང་མ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།

    ཉེ་ཆར། རྒྱལ་སྤྱིའི་རགས་ཆེན་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་སྐབས་ཉེར་བརྒྱད་པ་དང་ལོ་ཚོགས་སྐབས་གོ་གསུམ་པ་འཚོགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ལྔའི་རིང་། ཆུ་བེད་སྡེ་ཚན་གྱིས་ཆུ་མཛོད་ཁྲི་1.8ཙམ་ལ་ཉེན་སེལ་བརྟན་གཏོང་བྱས་པ་དང་འབྱུང་འགྱུར་ལོ་3ནང་ད་དུང་ཆུ་མཛོད་5000ལྷག་ཙམ་ལ་ཉེན་སེལ་བརྟན་གཏོང་བྱ་རྒྱུ་དང་། ཆུ་མཛོད་ཆུང་གྲས་ཀྱི་རགས་ཆེན་ཁྲི་5.1ལ་བདེ་འཇགས་ཀྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དང་ཆུ་མཛོད་ཆུང་གྲས་ཁྲི་5.7ལ་ཆར་ཆུའི་གནས་ཚུལ་ཚད་ལེན་དང་སྙན་སེང་ཞུ་བའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། འབྲི་ཆུའི་འགག་གསུམ་དང་། ཏན་ཅང་ཁོའུ། རྨ་ཆུའི་ཞའོ་ལང་ཏི་སོགས་ཚོད་འཛིན་རང་བཞིན་གྱི་ཆུ་བེད་ལྟེ་བའི་ལས་གྲྭ་འབོར་ཆེན་ཞིག་གི་ཕན་ནུས་རྒྱུན་མཐུད་ཐོན་བཞིན་ཡོད་པ་རེད།

    ཆུ་བེད་པུས་ཐོག་མར་ལས་གྲྭ་12བདམས་ནས་རིག་ནུས་རགས་ཆེན་འཛུགས་སྐྲུན་ཚོད་ལྟ་སྤེལ་བའི་ནང་རྨ་ཆུའི་ཀུའུ་ཞན་སོགས་འཛུགས་སྐྲུན་བྱེད་བཞིན་པའི་ཆུ་མཛོད་ཆུ་ཤུགས་གློག་ཁང་གི་ལས་གྲྭ་9དང་ཀྲེ་ཅང་ཆིང་ཧྲན་ཆུ་མཛོད་སོགས་འཁོར་སྐྱོད་བྱེད་བཞིན་པའི་ཆུ་མཛོད་ཆུ་ཤུགས་གློག་ཁང་3བདམས་ཡོད་པ་རེད།

    ཆུ་བེད་སྡེ་ཚན་གྱིས་སྐྱེ་ཁམས་སྲུང་སྐྱོང་ལས་དོན་རགས་ཆེན་འཆར་འགོད་ཇུས་འགོད་དང་འཛུགས་སྐྲུན་འཁོར་སྐྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་། ས་སེར་མཐོ་སྒང་དུ་འདམ་བསགས་རགས་ཁྲི་5.8ཙམ་བསྐྲུན་པ་དང་། འབྲི་ཆུར་ཆུ་མཛོད་མང་པོའི་སྐྱེ་ཁམས་བཀོད་གཏོང་བསྟུད་མར་ལོ་15བྱས་པ། རྨ་ཆུར་ཆུ་འབོར་གཅིག་གྱུར་བཀོད་གཏོང་བསྟུད་མར་ལོ་26བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།