ལེའོ་ཉིང་འགག་སྒོ་ནས་ཐོངས་མཆན་མི་དགོས་པར་རྒྱལ་ནང་དུ་ཡོང་མཁན་མི་གྲངས་དུས་མཚུངས་ལས་ལྡབ་8འཕར་བ།
ཟླ་6ཚེས་11ཉིན། གསར་འགོད་པར་ལེའོ་ཉིང་གི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན། ལེའོ་ཉིང་འགག་སྒོ་བརྒྱུད་ཐོངས་མཆན་མི་དགོས་པར་རྒྱལ་མཚམས་སུ་འཛུལ་བའི་འགྲུལ་པས་རྒྱལ་ནང་དུ་ཡོང་མཁན་ཕྱི་རྒྱལ་གྱི་འགྲུལ་པའི་70%ཟིན་ནས། ཐོངས་མཆན་མི་དགོས་པའི་མི་གྲངས་ན་ནིང་གི་དུས་མཚུངས་ལས་ལྡབ་8འཕར་ཡོད། ལྔ་པའི་ཚེས་ལྔའི་དུས་ཆེན་རིང་ཁོ་ནར་རྒྱལ་མཚམས་འཛུལ་སྒྲོལ་གྱི་འགྲིམ་འགྲུལ་ཡོ་བྱད(གྲུ་གཟིངས་དང་། མེ་འཁོར། རླངས་འཁོར)ཐེངས་900ལྷག་ཙམ་དང་། རྒྱལ་མཚམས་འཛུལ་སྒྲོལ་མི་ཐེངས་ཁྲི་4ལ་ཞིབ་བཤེར་བྱས་ནས་བཏང་བ་དེ་ན་ནིང་གི་དུས་མཚུངས་ལས་40%འཕར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རི་པིན་དང་ཧན་གོར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ཚུན། ལེའོ་ཉིང་གི་གནམ་ཐང་འགག་སྒོ་ནས་ཧྲོའར་དང་ཐོ་ཁེའོ་སོགས་སུ་སྐྱོད་པའི་མཁའ་ལམ་6གསང་སྣོན་དང་མང་དུ་བཏང་བ་དང་འབྲེལ། “ཏ་ལན་ནས་རེན་ཁྲོན”དང“ཏན་ཏུང་ནས་རེན་ཁྲོན”བར་གྱི་དུས་གཏན་འགྲུལ་སྐྱེལ་གྲུ་གཟིངས་སྔ་རྗེས་སུ་སླར་གསོ་བྱས་པས། རི་པིན་དང་ཧན་གོ་ནས་རྒྱལ་ནང་དུ་ཡོང་བའི་འགྲུལ་པ་མི་ཐེངས་ཁྲི་10ལྷག་ཙམ་ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་64%འཕར་ནས། ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད།