ཉིང་ཞའི“མིང་བྱང་སྨུག་པོ”
ཟླ་6ཚེས་9ནས་ཚེས་12ཉིན་བར། ཀྲུང་གོ(ཉིང་ཞ)རྒྱལ་སྤྱིའི་རྒུན་འབྲུམ་ཨ་རག་རིག་གནས་ཡུལ་སྐོར་འགྲེམས་ཚོགས་སྐབས་ལྔ་པ་དབྱིན་ཁྲོན་དུ་གཉེར་བ་རེད། སྐབས་འདིའི་འགྲེམས་ཚོགས་ཀྱི་བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་པུ་རུ་སེར་རྒྱལ་སྤྱིའི་རྒུན་འབྲུམ་ཨ་རག་གི་བྱ་དགའ་ཆེན་པོའི་འགྲན་བསྡུར་སྐབས་32པའང་དུས་གཅིག་ཏུ་གཉེར་བ་རེད། དེ་ནི་རྒྱལ་སྤྱིའི་རྒུན་འབྲུམ་ཨ་རག་གི་འགྲན་བསྡུར་སྤེལ་ནས་ལོ་7སོང་རྗེས་སླར་ཡང་ཀྲུང་གོར་གཉེར་བ་ཞིག་རེད།
2024ལོའི་བར། ཉིང་ཞའི་ཨ་རག་སྙོལ་བའི་རྒུན་འབྲུམ་རྟེན་གཞིའི་གསར་སྤེལ་རྒྱ་ཁྱོན་མུའུ་ཁྲི་60ལྷག་ཙམ་ཟིན་པ་དང་། དེ་ནི་རང་རྒྱལ་གྱིས་ཨ་རག་སྙོལ་བའི་རྒུན་འབྲུམ་གཅིག་སྡུད་ཡུག་ཁུལ་གྱི་ཐོན་ཁུལ་ཞིག་རེད། རྒུན་འབྲུམ་ཨ་རག་གི་ཐོན་ལས་དེ་ཧོ་ལན་ཧྲན་རི་བོའི་ཤར་འདབས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་བབ་ཀྱི་ཆ་རྐྱེན་འོག་འགྱུར་ལྡོག་བྱུང་ནས་འཕེལ་རྒྱས་ཕྱིན་ཏེ་འཛམ་གླིང་གིས་ཉིང་ཞར་རྒྱུས་ལོན་བྱེད་པའི་མིང་བྱང་ལྟ་བུར་གྱུར་ཡོད། ད་ཆ“མིང་བྱང་སྨུག་པོ”དེ་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་བཞིན་ཡོད།
འདི་ནི་ཟླ་6ཚེས་10ཉིན་ཉིང་ཞ་དབྱིན་ཁྲོན་ནས་པར་བརྒྱབ་པའི་པུ་རུ་སེར་རྒྱལ་སྤྱིའི་རྒུན་འབྲུམ་ཨ་རག་གི་བྱ་དགའ་ཆེན་པོའི་འགྲན་བསྡུར་སྐབས་32པ་སྤེལ་ཡུལ་ཡིན་པ།