དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་4.73བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-14

    གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་མངོན་མིན་རིག་གནས་ཤུལ་བཞག་ཁྲུའུ་ནས་ཤེས་རྟོགས་བྱུང་བར། 2012ལོ་ནས་བཟུང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་4.73བཏང་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ཀྱི་སྒྲིག་བཀོད་རྣམ་གྲངས་ཁག་10བསྐྲུན་ཞིང་། མིག་སྔའི་བར། ལྗོངས་ཡོངས་སུ་ཅུང་འཐུས་སྒོ་ཚང་བའི་རིམ་བཞིའི་མིང་གཞུང་མ་ལག་ཅིག་ཆགས་ཡོད། ད་ཡོད་ཀྱི་རིམ་པ་ཁག་དང་རིགས་སྣ་ཚོགས་ཀྱི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་ཁག་2760དང་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་1790ཡོད་པ་ལས་རྣམ་གྲངས་ཁག་106དང་མི་117རྒྱལ་ཁབ་རིམ་པའི་མིང་གཞུང་དུ་ཚུད་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མིང་གཞུང་གི་མ་ལག་ཟམ་མི་ཆད་པར་འཐུས་ཚང་བྱུང་བ་དང་། སྲིད་ཇུས་དང་ཁྲིམས་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་སྲུང་སྐྱོང་བྱེད་སྟངས་ཉིན་རེ་བཞིན་སྣ་མང་ཕུན་སུམ་ཚོགས་པོ་ཆགས་ཡོད། གླིང་སྒྲུང་དང་། ལྷ་མོ། བོད་ལུགས་གསོ་རིག་གི་ལུམས་བཅོས་བཅས་རྣམ་གྲངས་གསུམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བདེ་བླག་ངང་བཅུག་ཡོད། རྒྱལ་ཁབ་རིམ་པའི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི་5དང་། རང་སྐྱོང་ལྗོངས་རིམ་པའི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི་12 རང་སྐྱོང་ལྗོངས་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་ལ་སྔ་རྗེས་སུ་མིང་བཏགས་པ་2 མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ཆོས་ལྡན་པའི་རྫོང་དང་། ཤང་། གྲོང་ཚོ་བཅས་8 མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)19 མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྟེན་གཞི་29 མངོན་མིན་རིག་གནས་ཤུལ་བཞག་ཁྲིད་སྦྱོང་ལྟེ་གནས་159བཅས་གཏན་འཁེལ་བྱས་ཡོད་པ་མ་ཟད། ད་དུང་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་224དང་། དམངས་ཁྲོད་ལྷ་མོ་ཚོགས་པ་153བཙུགས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ལོ་ན་མཐོ་བའི་རྒྱུན་འཛིན་པར་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་ཧུར་ཐག་བསྒྲུབས་ཏེ། ཡི་གེ་དང་། པར་རིས། སྒྲ་ཕབ། བརྙན་ཐུང་སོགས་ཀྱི་རྣམ་པ་ནས་རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་66དང་རང་སྐྱོང་ལྗོངས་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་8ལ་གྲངས་འཛིན་ཅན་གྱི་ཐོ་འགོད་ལས་དོན་སྤེལ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་མི་སྒེར་ནས་ཚོགས་པའི་བར་གྱི་མཆོང་སྐྱོང་བྱུང་ཡོད།

    རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་མངོན་མིན་རིག་གནས་ཤུལ་བཞག་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས། འབྲེལ་ཡོད་སྡེ་ཚན་གྱིས་གླིང་སྒྲུང་དང་། ལྷ་མོ། བོད་ལུགས་གསོ་རིག་གི་ལུམས་བཅོས་བཅས་མངོན་མིན་རིག་གནས་ཤུལ་བཞག་ཁག་3ལ་ཆ་ལག་ཚང་བའི་སྒོ་ནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ནག་ཆུ་གྲོང་ཁྱེར་གླིང་སྒྲུང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དང་གཞིས་རྩེ་གྲོང་ཁྱེར་རྩེ་གདོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་ཏེ་རང་སྐྱོང་ལྗོངས་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་2འཛུགས་རྒྱུར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།