2025ལོའི་ཀྲུང་གོའི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་ཧོ་ཧྥེ་རུ་འཚོགས་པ།
ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་ནས་གཙོ་དོན་གཏམ་བཤད་གནང་བ།
ཟླ་6ཚེས་10ཉིན། 2025ལོའི་ཀྲུང་གོའི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་ཧོ་ཧྥེ་རུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་ནས་གཙོ་དོན་གཏམ་བཤད་གནང་བ་རེད།
ཚོགས་ཞུགས་སྐུ་མགྲོན་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིང་བའི་གོང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བའི་ནང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ཡོང་རྒྱུར་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་སྟེ། ང་ཚོས་དུས་རབས་གསར་པའི་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ལས་དོན་ཁག་ཡག་པོར་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟངས་འཛིན་དང་གསར་གཏོད་ལས་དོན་ལེགས་བཅོས་བྱས་ནས། དྲ་རྒྱའི་ཤེས་དཔལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
ཚོགས་ཞུགས་སྐུ་མགྲོན་ཚོས། དྲ་རྒྱ་ནི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་རྣམ་པ་གསར་པ་དང་གྲུབ་འབྲས་གསར་པ་མངོན་སའི་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་ཤིག་ཡིན་པས། རིག་གནས་གསར་གཏོད་དང་དར་རྒྱས་གཏོང་བར་བར་མཐོངས་ཆེན་པོ་བཏོད་ཡོད། དེར་བརྟེན། དྲ་ཐོག་གི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་བཏང་ནས། དྲ་རྒྱའི་རིག་གནས་འཕེལ་རྒྱས་ཀྱི་གསོན་ཤུགས་གང་ལེགས་འཕེལ་བར་བྱས་ཐོག་དྲ་རྒྱའི་བར་མཐོངས་བཅོས་སྐྱོང་ལམ་ལུགས་དང་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས། དྲ་རྒྱའི་བར་མཐོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་ཁྱབ་བྱུང་ནས་སྤྱོད་བཟང་དགེ་བརྩོན་དང་། བཟང་པོར་མིག་བལྟོས། སློབ་བརྩོན་རིག་མཐོང་བཅས་ཀྱི་དྲ་རྒྱའི་ཤེས་དཔལ་ཁོར་ཡུག་ཅིག་ཆགས་རྒྱུར་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་དྲ་དམངས་ཚོར་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེན་པོ་ལྡན་པར་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།