དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཐད་གཏོང་དྲ་ཚོང་གི་ལྟ་སྐུལ་དོ་དམ་བྱ་ཐབས་སྐོར་ལ་ཡོངས་བསྒྲགས་སུ་བསམ་འཆར་བསྡུ་ལེན་བྱེད་པ།

    ལས་སྟེགས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-13

     ཐད་གཏོང་དྲ་ཚོང་གི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་འཛད་སྤྱོད་པ་དང་གཉེར་སྐྱོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། ཐད་གཏོང་དྲ་ཚོང་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་དང་མཉམ་དུ《ཐད་གཏོང་དྲ་ཚོང་གི་ལྟ་སྐུལ་དོ་དམ་བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)ཞིབ་འཇུག་བྱས་ནས་འཆར་ཟིན་བཀོད་པ་དང་། ཚེས་10ཉིན་སྤྱི་ཚོགས་སུ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་འགོ་བཙུགས་པ་རེད།

    《བྱ་ཐབས》ནང་ཐད་གཏོང་ཁང་གི་གཉེར་སྐྱོང་པ་དང་། ཐད་གཏོང་ཚོང་གཉེར་མི་སྣའི་ཞབས་ཞུའི་སྒྲིག་གཞི། ཐད་གཏོང་ཚོང་གཉེར་མི་སྣ་བཅས་ཀྱི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོས་ནས་ཐད་གཏོང་ཁང་གི་གཉེར་སྐྱོང་མཁན་གྱི་འགན་འཁྲི་ནན་དུ་བཏང་བ་མ་ཟད། ཐད་གཏོང་ཁང་གི་གཉེར་སྐྱོང་མཁན་གྱིས་ཚོང་ཟོག་གམ་ཞབས་ཞུའི་ཆ་འཕྲིན་ཁྱབ་བསྒྲགས་ཞིབ་བཤེར་དང་། ཆ་འཕྲིན་ཡོངས་བསྒྲགས། ཐོབ་ཐང་ཞིབ་བཤེར་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་ལས་ཚོང་དོན་དྲིལ་བསྒྲགས་རྫུན་མའམ་ཡང་ན་གཞན་ལ་གོ་ནོར་ཐེབས་སྲིད་པའི་ཚོང་དོན་དྲིལ་བསྒྲགས་བྱེད་མི་ཆོག་པའི་བླང་བྱ་བཏོན་ཡོད། ཐད་གཏོང་ཚོང་གཉེར་མི་སྣའི་ཞབས་ཞུའི་སྒྲིག་གཞིའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། ཐད་གཏོང་ཚོང་གཉེར་མི་སྣའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཐད་གཏོང་ཚོང་གཉེར་མི་སྣའི་གསོ་སྦྱོང་དང་། ཐད་གཏོང་ཐོན་རྫས་འདེམས་སྒྲུག ཐད་གཏོང་གི་ནོར་འཁྲུལ་ཡོ་བསྲང་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།