འཕེལ་རྒྱས་སྒུལ་ཤུགས་རབ་ཏུ་འཕེལ། དམངས་འཚོའི་བདེ་རྩ་ཆེ་རུ་ཕྱིན།
—— གྲོ་མོ་རྫོང་གི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་པོ་བྱུང་བ།
འདི་ནི་གྲོ་མོ་རྫོང་གི་སྐྱེ་ཁམས་ཐོན་ལས་གླིང་ཡིན་པ།
གྲོ་མོ་རྫོང་གི་སྐྱེ་ཁམས་ཐོན་ལས་གླིང་དུ། གྲོ་མོའི་ཉ་ཡི་ཁྱུ་ཚོཌ་དྭངས་ཤིང་གཙང་བའི་རྫིང་བུའི་ནང་ཅི་དགར་རོལ་བཞིན་ཡོད་པ་དང་། འགྲེམས་སྟོན་སྟེགས་བུའི་སྟེང་གི་ཉ་ཤ་སྐམ་པོ་དང་ཉའི་བག་ལེབ་སོགས་ཉའི་ཐོན་རྫས་འདྲ་མིན་སྣ་ཚོགས་བསྒྲིགས་ཡོད་པ་རེད། ཉ་ཆུང་དེ་དག་ལས་རིན་ཐང་གསར་པ་མངོན་ནས་གྲོ་མོ་རྫོང་གི་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ད་ལོ་ནས་བཟུང་། གྲོ་མོ་རྫོང་གིས་བརྟན་ཁྲོད་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། ལྟ་སྐུལ་མཛུབ་ཁྲིད་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་སྔོན་དཔག་རྒྱུན་མཐུད་བརྟན་པོ་དང་། གདེང་ཚོད་བརྟན་པོ། འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས་ཤིང་། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། རྣམ་གྲངས་ལ་དམ་འཛིན་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་པོ་བྱུང་ཡོད། དུས་ཚིགས་དང་པོར་ས་ཁུལ་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་འཕར་ཐང་སྒོར་དུང་ཕྱུར་4.63ཟིན་ནས་དུས་མཚུངས་ལས་9.9%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་169.5%འཕར་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་མཐུད་ཇེ་ཆེར་ཕྱིན་པ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་3624ཟིན་ནས་དུས་མཚུངས་ལས་9.7%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14881ཟིན་ནས་དུས་མཚུངས་ལས་7.2%འཕར་བ། གྲོང་གསེབ་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་གཞིས་རྩེ་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་ནས་དམངས་འཚོའི་བདེ་རྩ་མུ་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོར་གྲོ་མོ་རྫོང་གིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་2.41བཏང་ཡོད་པ་རེད། ད་ལོ་ནས་བཟུང་། གྲོ་མོ་རྫོང་གིས་རྣམ་གྲངས་འཛུཌ་སྐྲུན་གྱི་གོ་སྐབས་བཟང་པོར་དམ་འཛིན་བྱས་ཤིང་། དུས་ཚིཌ་དང་པོར་ལས་འགོ་བསྐྱར་བཙུགས་དང་ལས་འགོ་བརྩམས་པའི་རྣམ་གྲངས་ཁག་40ཡོད་པའི་ནང་། ལས་འགོ་བསྐྱར་བཙུགས་ཀྱི་རྣམ་གྲངས་ཁག་18དང་ལས་འགོ་བརྩམས་པའི་རྣམ་གྲངས་ཁག་22ཡོད་པ་རེད།
ད་ལོའི་དཔྱིད་དུས་ཀྱི་སོ་ནམ་ཐོག་མ་བྱེད་འགོ་བཙུཌ་པ་དང་སྦྲགས། གྲོ་མོ་རྫོང་དུད་སྣ་ཤང་གི་གྲོང་མི་ཚོས་སོ་ནམ་དུས་ཚོད་དམ་འཛིན་གྱིས་དཔྱིད་རྨོད་དཔྱིད་འདེབས་བྱས་ནས་འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བའི་འགན་ལེན་ཏན་ཏིག་བྱས་ཤིང་། དུས་ཚིཌ་དང་པོར་རྫོང་ཡོངས་ཀྱི་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་1691ཟིན་ནས་དུས་མཚུངས་ལས་14.4%འཕར་ཡོད། ད་ལོའི་དུས་ཚིཌ་དང་པོར་གྲོ་མོ་རྫོང་གིས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་སྤེལ་དང་། འཛད་སྤྱོད་ཁོར་ཡུག་བསྐྲུན་པ། འཛད་སྤྱོད་ཁྲོམ་ར་དར་རྒྱས་ཡོང་བ་བཅས་བྱས་ཏེ་རྫོང་ཡོངས་ཀྱི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་1.67ཟིན་ནས་དུས་མཚུངས་ལས་10.2%འཕར་ཡོད། དེའི་ནང་མ་དངུལ་སྒོར་ཁྲི་485བཏང་ནས་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། འཛད་སྤྱོད་དངུལ་འབོར་སྒོར་ཁྲི་1563.87ཟིན་པར་སྐུལ་ཁྲིད་བྱས་པ་རེད།
ད་ལོ་ནས་བཟུང་། གྲོ་མོ་རྫོང་གིས་ཡུལ་སྐོར་ཐོན་ཁུངས་གསར་པ་རྒྱུན་ཆད་མེད་པར་གསར་སྤེལ་བྱས་ཏེ་ཡུལ་སྐོར་ཞབས་ཞུའི་སྣེ་ལེན་ནུས་པ་མུ་མཐུད་ཆེ་རུ་བཏང་བ་དང་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དུས་ཚིགས་དང་པོར་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་7.3ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་31.6%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་0.33ཟིན་ནས་དུས་མཚུངས་ལས་32.09%འཕར་བ་རེད།
གོམ་སྟབས་རྗེས་མར། གྲོ་མོ་རྫོང་གིས“ལོ་ལྔ་ཚན་བཅུ་བཞི་པའི”དམིཌ་ཚད་ལས་འགན་དོན་འཁྱོལ་ལ་དམ་འཛིན་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཇུས་འགོད་མགྱོགས་སུ་གཏོང་བ། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། རང་ངོས་ཀྱི་གནོན་ཤུགས་ཆེ་རུ་གཏོང་བ། རྒྱུན་མཐུད་ཤུགས་རྒྱག་པ་བཅས་བྱས་ཏེ། དུས་ཚིགས་གཉིས་པའི་དཔལ་འབྱོར་འཕེལ་ཕྱོགས་དང་བསྟུན་ནས་སྐུལ་འདེད་ཧུར་ཐག་བཏང་ཐོག ལོ་ཧྲིལ་པོའི་དཔལ་འབྱོར་ལས་དོན་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།