ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས།
སྣེ་འཁྲིད་པ་ཧྲག་པོ་བདམས་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།
དུས་ཡུན་རིང་པོའི་ནང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལས་བྱེད་པ་འཚར་ལོངས་ཀྱི་གཞི་རྩའི་ཆོས་ཉིད་ལ་སྟངས་འཛིན་མཐའ་འཁྱོངས་བྱས་ཤིང་། ན་གཞོན་ལས་བྱེད་པ་གྲོང་ཚོའི(སྡེ་ཁུལ)གཞི་རིམ་གྱི་འཐབ་ས་དང་པོར་མངགས་ནས་གསོ་སྐྱོང་བྱེད་པ་དང་། སྦྱོང་བརྡར་སྤྲོད་པ། འཇོན་ཐང་འདོན་དུ་འཇུག་པ་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་བ་རེད།
སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཆབ་སྲིད་དང་། སྤྱོད་ལམ། སྲིད་གཙང་། འཇོན་ཐང་བཅས་ཀྱི་འགག་སྒོར་དམ་འཛིན་ནན་པོ་བྱས་ཏེ། ལས་བྱེད་པ་མངགས་གཏོང་གནད་ལ་འཁེལ་ཚད་མཐོ་རུ་བཏང་ཡོད། གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པའི་མངགས་གཏོང་ལས་དོན་ཁྲོད། ཧྲུའུ་ཅི་དང་པོ་23ཚང་མ་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཆུས་ཐད་གཏོགས་སྡེ་ཚན་ཁག་གི་ཕུལ་བྱུང་ཁོའོ་རིམ་པ་གཞོན་པའི་ལས་གནས་ནས་མངགས་ཏེ། སྤུས་ལེགས་སྟོབས་ཤུགས་གཞི་རིམ་གྱི་འཐབ་ས་དང་པོར་གཅིག་སྡུད་དང་ལེགས་ལྡན་ཐོན་ཁུངས་གྲོང་གསེབ་ཏུ་སླེབས་པར་སྐུལ་འདེད་བཏང་བ་རེད།
སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པ་དེ་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་བརྩིས་ཤིང་། ལས་གནས་ལ་གཞིཌ་ནས་ལས་བྱེད་པ་འདེམས་གཏོང་བྱས་ཡོད། གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པའི་ལས་དོན་ཁྲོད། སྟོད་ལུང་བདེ་ཆེན་ཆུས་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་སྤང་ཕུ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཡུས་དབྱང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་ནང་འདྲེན་ཧུར་ཐག་བྱས་ཏེ། སྤང་ཕུ་གྲོང་ཚོ་དེ་ཡུལ་སྐོར་དང་། ཚོང་དོན། བཟའ་བཏུང་བཅས་གཞི་གཅིག་ཏུ་འདུས་པའི་གླིང་ཁའི་གྲོང་ཚོ་ཞིག་ཏུ་བསྐྲུན་པས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་བྱུང་བ་མ་ཟད། ད་དུང་ལས་ཞུགས་ལས་གནས་40མཁོ་འདོན་ཐུབ་པ་རེད།
སྟོད་ལུང་བདེ་ཆེན་ཆུས་ཀྱིས་གྲོང་སྡོད་ལས་དོན་གྱི་གྲུབ་འབྲས་དེ་ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ཤིང་། དུས་རྒྱུན་གྱི་ལས་ཀའི་རྣམ་འགྱུར་ཡག་པའི“90ནང་སྐྱེས”དང“90ཟིན་གྲབས”ཀྱི་ཆུས་ཐད་གཏོགས་སྡེ་ཚན་གྱི་གོ་གནས་གཞོན་པ་གྲོང་རྡལ(ཁྲོམ་གཞུང)ཏང(ལས་དོན)ཨུད་དུ་གནས་སྦྱར་གྱིས་གོ་གནས་གཞོན་པའི་འགན་འཁུར་བར་མངགས་ཏེ། ན་གཞོན་ལས་བྱེད་པར་རོགས་པ་བྱས་ནས་འཇོན་ཐང་དང་ནུས་པ་ཆེ་རུ་དང་། ཉམས་མྱོང་མང་དུ་བཏང་བ་རེད།