ཟངས་རི་རྫོང་དམངས་སྲིད་ཅུས(གཅིག་སྡུད་བསྙེན་བཀུར་ལྟེ་གནས)ཀྱིས།
གསོ་སྦྱོང་ལ་བརྟེན་ནས་ཁ་ཐོར་བསྙེན་བཀུར་དང་ལྟ་རྟོག་གི་ཆུ་ཚད་མཐོ་རུ་བཏང་བ།
ཉིན་ཤས་གོང་ཟངས་རི་རྫོང་དམངས་སྲིད་ཅུས(གཅིག་སྡུད་བསྙེན་བཀུར་ལྟེ་གནས)ཀྱིས་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ལྟ་སྐྱོང་དང་ལྟ་རྟོག་བྱེད་ནུས་ཆེ་རུ་གཏོང་བའི་གསོ་སྦྱོང་བྱས་ཤིང་། ལྟ་སྐྱོང་བ་དང་དམངས་སྲིད་ལས་དོན་པ་97ཞུགས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནང་། ལས་དོན་པས་ས་གནས་ས་ཐོག་ཏུ་གསོ་སྦྱོང་ལ་ཞུགས་མཁན་ཚོར་མལ་སར་ལུས་པའི་རྒན་རྒོན་ཨ་སློག་རྒྱག་སྟངས་དང་། ཉལ་ཁྲི་དང་ལག་རོགས་ཡོ་བྱད་གཞན་དག་སྤྱོད་སྟངས་བསླབས་པ་རེད། གཞན་ཡང་། ནད་པར་སྨན་སྤྲོད་སྟངས་འགྲེལ་བཤད་བརྒྱབ་པ་མ་ཟད། སྨན་ཉར་ཚགས་བྱེད་སྟངས་དང་། སྨན་གཏོང་བའི་དུས་ཚོད། སྨན་གྱི་མང་ཉུང་ཚད་གཞི་སོགས་དོ་སྣང་བྱེད་དགོས་པའི་དོན་ཚན་ལ་གཙོ་གནད་ཐོག་ནན་བཤད་བྱས་པ་རེད། དེ་དང་དུས་མཚུངས། དོས་དྲག་མྱུར་སྐྱོབ་བྱེད་སྟངས་ལད་མོ་བྱས་ཤིང་། དེའང་དམིཌ་བསལ་དཀའ་ངལ་ཡོད་མཁན་ལ་ཟས་ཀྱིས་མིད་པ་འགག་པ་དང་དྲན་པ་འཐོར་བ་སོགས་ཛ་དྲག་གི་གནས་ཚུལ་ཐོན་སྐབས། མྱུར་སྐྱོབ་བྱེད་སྟངས་དཔེ་སྟོན་བྱས་པ་མ་ཟད། ལྟ་སྐྱོང་བའི་དངོས་སྦྱོང་ལ་ས་གནས་ས་ཐོག་ཏུ་དམར་ཁྲིད་བྱས་ཏེ། བྱེད་སྟངས་ཚད་ལྡན་མེད་པ་རྣམས་དུས་ཐོག་ཏུ་ཡོ་བསྲང་བྱས་པ་རེད།