གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྷན་ཤང་གིས།
མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།
ཉེ་ཆར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྷན་ཤང་གྲུབ་བཞི་གྲོང་ཚོས“ཇོ་མོ་གླང་མའི་བུ་ཕྲུག་གི་སེམས་པ་ཏང་ལ་ཕྱོགས། སྒོ་དབྱེ་དང་འཕེལ་རྒྱས་ཀྱི་ལེའུ་གསར་རྩོམ”ཞེས་པའི་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཧ་ཅང་འཁྲུག་ཆ་དོད་ཅིང་། ཡིག་གཟུགས་དང་རི་མོའི་འགྲེམས་སྟོན་ཁུལ་དུ་ཡིག་གཟུགས་མཁས་ཅན་ཚོས་པིར་རྩལ་ལ་བརྟེན་ནས་སྒྱུ་རྩལ་གྱི་འཇོན་ཐང་ངོམ་པ་དང་། སློབ་ཆུང་སློབ་མ་ཚོས་བྲིས་པའི་རི་མོའི་བརྩམས་ཆོས་དེ་དག་ལ་ལྟ་དུས་ནང་དོན་ཕུན་སུམ་ཚོགས་པོ་མེད་ཀྱང་ལྷད་མེད་ཀྱི་བརྩེ་སེམས་ཟབ་མོ་འདུས་ཡོད་པ་དང་། དེ་ལས་ཏང་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པ་མ་ཟད། དུས་རབས་གསར་པའི་ཇོ་མོ་གླང་མའི་བུ་ཕྲུག་ཚོའི་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་སྐྱེ་སྟོབས་དང་གསོན་ཤུགས་ཀྱང་མངོན་ཡོད།
གཞི་རིམ་གྱི་སྒྲོག་འགྲེལ་པ་ལྷག་སྒྲོན་གྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མང་ཚོགས་ལ་གོམས་སྲོལ་སྒྱུར་བའི་འདུ་ཤེས་སྒྲོག་འགྲེལ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་“མི་སེར་དཀྱུས་མའི་ཁྲོད”དུ་ཁྱབ་པར་བྱས་པས། ཚང་མས་བག་ཕེབས་དང་སྤྲོ་སྣང་ལྡན་པའི་ངང་འབྲེལ་ཡོད་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ལ་ཤེས་རྟོགས་བྱས་པ་རེད།