དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་12367ཞབས་ཞུའི་ཐད་སྦྲེལ་ཁ་པར་བཙུགས་པ།

    འགག་སྒོ་ནས་སྒྲོལ་མཁན་ལ་སྟབས་བདེ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-13

    ཉིན་ཤས་རིང་། ཡུལ་མི་གནས་སྤོ་དོ་དམ་ཞབས་ཞུའི་དྲིལ་བསྒྲགས་པར་གཞི་ལྷ་སའི་ཝང་ཧྥུའུ་ཅིང་དང་ཝན་ཏཱ་སོགས་ཚོང་གཉེར་ཁུལ་གྱི་LEDབརྙན་ཤེལ་ནས་རྒྱུན་མཐུད་བསྟན་པས་ལྷ་སའི་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།

    “དེ་རིང་དྲིལ་བསྒྲགས་པར་གཞིར་བལྟས་རྗེས་གཞི་ནས་མཐའ་མཚམས་ལམ་ཡིག་གཉེར་སྟབས་བདེ་རུ་ཕྱིན་པ་ཤེས་བྱུང་། 12367ཞབས་ཞུའི་ཐད་སྦྲེལ་ཁ་པར་བརྒྱབ་ཚེ་འགག་སྒོ་སྒྲོལ་བའམ་ཡང་ན་ལག་ཁྱེར་གཉེར་བའི་འགྲོ་ལུགས་ཚང་མ་བློ་འདྲི་བྱེད་ཆོག་པ་མ་ཟད། བོད་སྐད་དང་རྒྱ་སྐད་ནས་ཞབས་འདེགས་ཞུ་བས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ལྷ་སའི་གྲོང་མི་ཕུར་སྒྲོན་གྱིས་བཤད།

    “སྐུ་ཁམས་བཟང་། འདི་ནི་12367ཡུལ་མི་གནས་སྤོ་དོ་དམ་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཡིན”ཞེས་སྐད་རིགས་མང་པོའི་ལམ་ནས་ཆུ་ཚོད་24རིང་ཞབས་འདེགས་ཞུ་གི་ཡོད་པ་དང་རིམ་རྩིས་བརྒྱབ་ན་ན་ནིང་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་1ལྷག་ཙམ་གྱི་བློ་འདྲིར་ལན་བཏབ་ཡོད། རྒྱལ་ཡོངས་ཀྱི་གོ་ལ་ཧྲིལ་པོར་ཁྱབ་པའི་སྲིད་གཞུང་གི་སྐད་རིགས་མང་བའི་ཐད་སྦྲེལ་ཁ་པར་གྱི་ཡན་ལག་ལྟེ་གནས་དང་པོ་ཡིན་པའི་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་སུ་རྒྱ་སྐད་དང་བོད་སྐད་ཀྱི་ཁ་པར་ལེན་མཁན་བཀོད་སྒྲིག་བྱས་ཡོད་ལ། དེ་མིན་གྱི་དབྱིན་ཇི་དང་། ཨུ་རུ་སུ། རི་པིན། ཧན་གོ་བཅས་ཀྱི་སྐད་རིགས་རྒྱལ་ཁབ་ཡུལ་མི་གནས་སྤོ་དོ་དམ་ཅུས་ཀྱི་མ་ལག་བརྒྱུད་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད། ཕྱི་རྒྱལ་ནས་+8612367ལ་ཁ་པར་བརྒྱབ་ཚེ་བློ་འདྲི་བྱེད་ཐུབ།

    བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་འབྲེལ་ཡོད་འགན་འཁུར་བས“མིག་སྔར་ལྗོངས་ཡོངས་སུ་ལམ་ཡིག‘ས་གནས་གཞན་དུ་གཉེར་བ་དང་ཐག་ཉེ་སར་གཉེར་བའི’སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་བཞིན་ཡོད། ལྗོངས་ཕྱི་ནང་གི་མང་ཚོགས་ཀྱིས་རང་ལྗོངས་ཀྱི་ལག་ཁྱེར་གཉེར་ས་ཁག་ནས་ལམ་ཡིག་གཉེར་ཆོག དེ་དང་ཆབས་ཅིག ལག་ཁྱེར་གཉེར་ས་མང་དུ་བཏང་ནས་ལྗོངས་ཡོངས་ཀྱི་ལག་ཁྱེར་གཉེར་ས་2018ལོའི་53ནས་89བར་མང་དུ་བཏང་ཡོད། ད་ལོ་གཞི་རིམ་མངགས་གཏོང་ཁང་དུ་ལག་ཁྱེར་གཉེར་ས་268གསར་དུ་འཛུགས་རྩིས་ཡོད། སྐབས་དེ་དུས་ལྗོངས་ཡོངས་སུ་ལག་ཁྱེར་གཉེར་ས་357བར་མང་དུ་ཕྱིན་ནས་ཐག་ཉེ་ས་ནས་གཉེར་ཐུབ་སྟེ་མཐའ་མཚམས་ཡུལ་སྐོར་ལ་སྟབས་བདེ་ཡོང་རྒྱུ་རེད”ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།