ཕྱུགས་འོད་གསབ་རེས་ལ་ལྗང་མདོག་གི་མཐུན་རྐྱེན་སྦྱོར་བ།
འདི་ནི་ཧྭ་ནུས་ལྷ་ས་བཀྲ་ཤིས་སྒང་གི་ཀྲའོ་ཝ་100ཡི་འོད་གསོག་གློག་འདོན་རྣམ་གྲངས་ཀྱི་སྟར་པ་སྒྲིག་པའི་འོད་ཤུགས་ཤེལ་ལེབ་ཡིན་པ།
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་དུ་གནས་པའི་ཧྭ་ནུས་ལྷ་ས་བཀྲ་ཤིས་སྒང་གི་ཀྲའོ་ཝ་100ཡི་འོད་གསོག་གློག་འདོན་རྣམ་གྲངས་ནི་རང་སྐྱོང་ལྗོངས་ཀྱི་2023ལོའི་འགན་སྲུང་རང་བཞིན་གྱི་དྲ་སྦྲེལ་ནུས་རྒྱུ་གཙང་མའི་རྣམ་གྲངས་ཤིག་ཡིན་ཞིང་། རྣམ་གྲངས་དེར“ཕྱུགས་འོད་གསབ་རེས”ཀྱི་རྣམ་པ་གསར་སྤེལ་བྱས་ནས“འོད་ཤུགས་ཤེལ་ལེབ་ནས་གློག་འདོན་པ་དང་། འོད་ཤུགས་ཤེལ་ལེབ་ཀྱི་འོག་ཏུ་རྩྭ་འདེབས་པ། འོད་ཤུགས་ཤེལ་ལེབ་ཀྱི་འོག་ཏུ་ར་ལུག་འཚོ་བ”བཅས་བྱེད་པ་བརྒྱུད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ནུས་རྒྱུ་གཙང་མ་འཕེལ་རྒྱས། ས་ཞིང་ནུས་ཆེའི་ངང་སྤྱོད་པ། མང་ཚོགས་འབབ་འཕར་ཕྱུག་འགྱུར་བཅས་ལ་ཕན་པ་མང་པོ་ཐོབ་ཀྱི་ཡོད།