དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་ཁོང་ཀོ(པུའུ)ཡི་ཙུང་ཐུང་སཱ་སུའུ་ཡིས་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་མཐུན་སྦྱོར་བའི་པུའུ་ཀྲང་རིམ་པའི་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-06-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁོང་ཀོ(པུའུ)ཡི་ཙུང་ཐུང་སཱ་སུའུ་ཡིས་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་མཐུན་སྦྱོར་བའི་པུའུ་ཀྲང་རིམ་པའི་ཚོགས་འདུར་བརྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་25སོང་རིང་། ཀྲུང་ཧྥེའི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ནུས་ལྡན་བྱས་པས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ན་ནིང་ཟླ་9པར། ང་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཐོག་ལག་གདང་སྦྲེལ་ནས“དེང་རབས་ཅན་དྲུག”ལ་སྐུལ་འདེད་གཏོང་བ་དང་། “རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”ཐུན་མོང་ཐོག་ལག་ལེན་བསྟར་ཏེ་ཀྲུང་ཧྥེའི་འབྲེལ་བ་དུས་རབས་གསར་པར་དུས་དང་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་དུས་མཚམས་གསར་པར་སླེབས་པར་སྣེ་ཁྲིད་བྱ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པར་དགའ་འོས་པའི་དུས་འགོའི་གྲུབ་འབྲས་ཁག་གཅིག་ཐོབ་ཡོད། ཀྲུང་ཧྥེ་ཕྱོགས་གཉིས་པོས་ད་དུང་2026ལོའི“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོའི”གྲ་སྒྲིག་ཐད་ཐུན་མོང་གི་ངོས་འཛིན་བྱུང་བ་དེས་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ལ་གསོན་ཤུགས་གསར་པ་སྣོན་ཐུབ་པའི་ཡིད་ཆེས་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་དང་ཟང་ཟིང་མཉམ་དུ་གནས་ཡོད་པས། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་དང་ཀྲུང་གོའི་ཁྲོམ་ར་ཆེན་པོར་བརྟེན་ནས་ཨ་ཧྥེ་རི་ཁ་སོགས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རོགས་ཟླར་སྒུལ་ནུས་གསར་པ་མཁོ་འདོན་མཐའ་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོས་དཔལ་འབྱོར་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་གྲོས་ཆོད་ལ་གྲོས་མོལ་བྱས་པ་དང་མིང་རྟགས་བཀོད་པ་བརྒྱུད། ཨ་ཧྥེ་རི་ཁ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་53ལ་དཔྱ་ཁྲལ་རྣམ་གྲངས་100%ཡི་ཐོན་རྫས་ལ་སྒོ་ཁྲལ་མི་དགོས་པའི་བྱ་ཐབས་དོན་འཁྱོལ་བྱེད་པ་དང་ཆབས་ཅིག ཨ་ཧྥེ་རི་ཁའི་དར་རྒྱས་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱིས་ཀྲུང་གོར་ཕྱིར་གཏོང་བྱེད་པར་སྟབས་བདེ་དེ་བས་མང་བ་སྐྲུན་འདོད་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལྗང་མདོག་ཐོན་ལས་དང་། དྲ་ཐོག་ཚོང་དོན། གཏོང་སྤྲོད། ཚན་རྩལ། མི་ཐབས་རིག་ནུས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་དང་། དངུལ་རྩ། ཁྲིམས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྥེའི་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། སྒོ་དབྱེ་མཉམ་ལས་ནི་མི་ཡུལ་གྱི་ཡང་དག་པའི་ལམ་བུ་ཡིན་པ་དང་གཉིས་ཁེ་གཉིས་ཕན་ནི་དམངས་སེམས་གཏད་ཕྱོགས་དེ་རེད། ཀྲུང་ཧྥེས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་བཏང་ན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་མ་ནུས་ལྡན་ཐེབས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྔར་བས་འོད་སྟོང་འཕྲོ་བའི་མདུན་ལམ་གཏོད་ཐུབ། ཀྲུང་ཧྥེ་ཕྱོགས་གཉིས་པོས་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ལ་མུ་མཐུད་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གླེང་སྟེགས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་འཆར་འགོད་ཞིབ་ཚགས་བྱེད་པ། དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་ལག་གདང་སྦྲེལ་ནས་གཏོད་པ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཀྲུང་ཧྥེའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

    སཱ་སུའུ་ཡིས་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་འཚོགས་ཚུན། ཧྥེ་ཀྲུང་གི་འཐབ་ཇུས་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། སྐབས་འདིའི་མཐུན་སྦྱོར་བའི་ཚོགས་འདུ་དེ་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་25འཁོར་བ་དང་ཏག་ཏག་འཁེལ་ཡོད། ངས་ནུས་ཤུགས་ཡོད་རྒུ་དང་བློ་བརྟན་འགྱུར་མེད་ངང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ཧྥེ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་འཕེལ་རིམ་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་བཏང་ནས་ཕྱོགས་གཉིས་པོའི་དམངས་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་ཡིན། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཁོང་ཀོ(པུའུ)ཡིས་ཀྲུང་གོ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་གཞན་དག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་དང་རིང་དུ་གྱེས་པའི་སྣེ་མང་འཛམ་གླིང་ཐུན་མོང་ཐོག་བསྐྲུན་ནས་ཀུན་ཕན་བསྟུན་མཁས་ཀྱི་གོ་ལ་ཧྲིལ་པོ་ཅན་གྱི་དུས་རབས་གསར་པ་གཏོད་འདོད་ཡོད་ཅེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།