ཧུའུ་ནན་ཀྲང་ཅ་ཅེ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་བཟོ་རྩལ་རྒྱུན་འཛིན་བྱས་ནས་ཡུལ་སྐོར་ལས་རྣམ་ཕུན་སུམ་ཚོགས་སུ་བཏང་བ།
2025ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་འཆར་ཉེའི་མཚམས་སུ། ཧུའུ་ནན་ཞིང་ཆེན་ཀྲང་ཅ་ཅེ་གྲོང་ཁྱེར་གྱིས་ཡུལ་དེ་གའི་ཐུའུ་ཅ་རིགས་ཀྱི་ཐགས་དྲུབ་རིག་གནས་བློ་གསར་ར་བར་བརྟེན་ནས་ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་བརྗོད་དོན་གཙོ་བོར་བྱས་པའི་ལྟ་སྐོར་ལམ་ཐིག་བཏོད་པ་དང་། དམངས་ཁྲོད་བཟོ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་ཡུལ་སྐོར་ལས་རྣམ་ཕུན་སུམ་ཚོགས་སུ་བཏང་ནས་ཡུལ་སྐོར་གྱི་ནང་དོན་ལེགས་སུ་བཏང་ཡོད།
འདི་ནི་སློབ་ཆེན་སློབ་མས་ཀྲང་ཅ་ཅེ་གྲོང་ཁྱེར་ཀུའེ་ཡའོ་མེ་ཐུའུ་ཅ་རིགས་ཀྱི་ཐགས་དྲུབ་རིག་གནས་བློ་གསར་ར་བར་ཞིབ་སྦྱོང་ཉམས་ལེན་བྱེད་བཞིན་པ།