ཀྲུང་གོ་དང་ཁེན་ནི་ཡའི་རིག་གནས་དང་ཡུལ་སྐོར་དུས་ཚིགས་ཀྱི་བྱེད་སྒོ་ཁེན་ནི་ཡར་སྤེལ་འགོ་ཚུགས་པ།
2025ལོའི་ཀྲུང་ཁེན་རིག་གནས་དང་ཡུལ་སྐོར་དུས་ཚིགས་ཀྱི་འགོ་ཚུགས་མཛད་སྒོ་དང་ཀྲུང་ཁེན་རྩལ་རྩེད་སྤེལ་རེས་བྱས་ནས་ལོ་40འཁོར་བའི་ཆེད་དོན་འཁྲབ་སྟོན་ཉེ་ཆར་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་རུ་བྱས་པ་རེད། རྒྱལ་ཁབ་གཉིས་ཀྱི་རིག་རྩལ་ལས་དོན་པས་གར་སྟེགས་ཐོག་མཉམ་དུ་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱས་པས་མི་400ཤོང་བའི་ཟློས་གར་ཁང་ལྟད་མོ་བས་ཁེངས།
འདི་ནི་ཉེ་ཆར་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་རུ་2025ལོའི་ཀྲུང་ཁེན་རིག་གནས་དང་ཡུལ་སྐོར་དུས་ཚིགས་ཀྱི་འགོ་ཚུགས་མཛད་སྒོ་དང་ཀྲུང་ཁེན་རྩལ་རྩེད་སྤེལ་རེས་བྱས་ནས་ལོ་40འཁོར་བའི་ཆེད་དོན་འཁྲབ་སྟོན་ཐོག་འཁྲབ་སྟོན་པས་རྩལ་རྩེད་ངོམ་བཞིན་པ།