ཙི་པོ་བཻཌཱུརྱའི་སྒྱུ་རྩལ་འགྲེམས་སྟོན་རྒྱལ་ཁབ་རྟེན་མཛོད་ཁང་དུ་གཉེར་བ།
ཟླ་6ཚེས་10ཉིན། ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་དང་། ཧྲན་ཏུང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང(ཧྲན་ཏུང་ཞིང་ཆེན་རིག་དངོས་ཅུས) ཙི་པོ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི“ཙི་པོའི་བཻཌཱུརྱའི་སྒྱུ་རྩལ་འགྲེམས་སྟོན”རྒྱལ་ཁབ་རྟེན་མཛོད་ཁང་དུ་གཉེར་བ་རེད། ད་རེས་ཀྱི་འགྲེམས་སྟོན་ཐོག་གནའ་དེང་གི་བཻཌཱུརྱའི་ཐོན་རྫས་རྩེ་གྲ་180ལྷག་ཙམ་འགྲེམས་སྟོན་བྱས་ནས་ཀྲུང་གོའི་བཻཌཱུརྱའི་སྲོལ་རྒྱུན་བཟོ་རྩལ་གྱི་རྒྱུན་མཐུད་རྒྱུན་འཛིན་དང་དེང་དུས་ཀྱི་གཞན་སྒྱུར་མངོན་ཡོད།
འདི་ནི་ཙི་པོ་གྲོང་ཁྱེར་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཀྲན་གོའི་དུས་རབས་ཀྱི་བཻཌཱུརྱའི་ཐོན་རྫས་ཡིན་པ།