རྒྱལ་སྤྱིའི་རྒུན་ཆང་རིག་གནས་ཡུལ་སྐོར་འགྲེམས་ཚོགས་སྐབས་ལྔ་པ་གཉེར་བ།
ཚེས་9ཉིན། ཀྲུང་གོ(ཉིང་ཞ)རྒྱལ་སྤྱིའི་རྒུན་ཆང་རིག་གནས་ཡུལ་སྐོར་འགྲེམས་ཚོགས་སྐབས་ལྔ་པ་དབྱིན་ཁྲོན་དུ་གཉེར་བ་རེད། སྐབས་འདིའི་འགྲེམས་ཚོགས་ཀྱིས“ཀྲུང་གོའི་རྒུན་ཆང་འཛམ་གླིང་ཡོངས་སུ་ཁྱབ། ཧོ་ལན་རི་བོའི་འདབས་སུ་དགའ་བས་མྱོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། རྒྱལ་ཁབ་ཕྱི་ནང་གི་ཕྱོགས་མང་པོའི་སྐུ་མགྲོན་ཧོ་ལན་རི་བོའི་འདབས་སུ་མཉམ་འཛོམས་ཀྱིས་རྒུན་ཆང་གི་བྲོ་ཞིམ་མྱངས་པ་དང་། ཐོན་ལས་ཀྱི་འབྱུང་འགྱུར་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།
འགྲེམས་ཚོགས་རིང་རྒྱལ་སྤྱིའི་གྲགས་ཅན་རྒུན་ཆང་བཟོ་གྲྭ་དང་གྲགས་ཅན་ཆང་རག་འགྲེམས་སྟོན་དང་། རྒུན་ཆང་ཐོན་ལས་ཀྱི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་ཉིང་ཞར་བསྐྱོད་པ་སོགས་ལྷན་སྦྱར་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས“རྒུན་ཆང་+”མཉམ་འདྲེས་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལམ་གང་ལེགས་མངོན་པར་བྱས་ཏེ། ཀྲུང་གོའི་རྒུན་ཆང་འཛམ་གླིང་ཁྲོམ་རར་འདོན་པའི་ལེའུ་གསར་པ་རྩོམ་རྒྱུ་རེད།