དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྥུའུ་ཅན་གྱིས་ཞིང་ཆེན་རིམ་པའི་ལག་རྩལ་མཁས་པའི་ལས་དོན་ཁང་དཔྱད་འདེམས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-12

    ཉིན་ཤས་གོང་། ཧྥུའུ་ཅན་ཞིང་ཆེན་མི་སྤྱི་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གིས《2025ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ལག་རྩལ་མཁས་པའི་ལས་དོན་ཁང་འཛུགས་སྐྲུན་དང་ཚོད་སྐོར་འོས་སྦྱོར་ལས་དོན་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། དཔྱད་འདེམས་བྱས་པའི་ཞིང་ཆེན་རིམ་པའི་ལག་རྩལ་མཁས་པའི་ལས་དོན་ཁང་རེར་གྲོན་དངུལ་ཁ་གསབ་སྒོར་ཁྲི་10སྤྲད་ནས་ལག་རྩལ་གསོ་སྐྱོང་དང་། ཞིབ་འཇུག་ཟབ་སྦྱོང་། འགག་སྒྲོལ། སྤེལ་རེས་སོགས་ཀྱི་བྱེད་སྒོའི་ཐད་སྤྱོད་རྒྱུ་རེད།

    བརྡ་ཐོའི་ནང་བསྟན་དོན། ལག་རྩལ་མཁས་པའི་ལས་དོན་ཁང་གནས་སའི་ཁེ་ལས་དང་བྱ་གཞག་ཚན་པས་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ཏེ། ཤེས་ལྡན་པ་གསོ་སྐྱོང་དང་། གདེང་འཇོག འདེམས་སྒྲུག སྤྱོད་པ། སྐུལ་ལྕག་གཏོང་བ་བཅས་ཀྱི་སྲིད་ཇུས་ལམ་ལུགས་བཟོས་ནས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ལས་དོན་ཁང་ལ་གཞུང་ལས་སྒྲུབ་ས་དང་སྦྱོང་བརྡར་སྒྲིག་ཆས་སོགས་དགོས་ངེས་ཀྱི་ལས་ཀའི་མཐུན་རྐྱེན་བསྐྲུན་དགོས་པ་མ་ཟད། དགེ་ཕྲུག་འཁྲིད་པར་ཕོགས་སྣོན་ཁ་གསབ་དང་། ཞིབ་འཇུག(འགག་སྒྲོལ)རྣམ་གྲངས་ཀྱི་ཁ་གསབ། དེ་བཞིན་ནམ་རྒྱུན་གྱི་ལས་ཀའི་འགྲོ་གྲོན་སོགས་ཀྱང་བཀོད་སྒྲིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།