དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཆེད་དོན་བརྡ་གཏོང་ཚོགས་འདུར་ཀྲུང་ལའི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་ལག་ལེན་ལ་དོ་ཁུར་བྱེད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-12

    ཚེས་9ཉིན། ཀྲུང་གོ་སྤྱི་པའི་ཕྱི་འབྲེལ་མཐུན་ཚོགས་ཀྱིས་ཆེད་དོན་བརྡ་གཏོང་ཚོགས་འདུ་འཚོགས་ཤིང་། ཕྱི་འབྲེལ་པུའུ་ལ་ཏིང་མེ་གླིང་སིའི་སི་ཀྲང་ཀྲང་རུན་གྱིས་ཀྲུང་ལའི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་ལག་ལེན་ལ་དམིགས་ནས་ཀྲུང་ལ་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་གྲུབ་འབྲས་དང་ཀྲུང་ལའི་ས་ཁོངས་མཉམ་ལས་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ཀྲང་རུན་གྱིས། ཀྲུང་ལ་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་མི་རིང་བའི་གོང་པེ་ཅིང་དུ་བདེ་བླག་ངང་འཚོགས་པ་དེ་ཐོག་ནས་ཀྲུང་ལ་འབྲེལ་བའི་སྐྱེ་སྟོབས་འབར་བའི་གསོན་ཤུགས་མངོན་གྱི་ཡོད། དེང་སྐབས་ཀྲུང་ལའི་དབར་གྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་བརྟན་དུ་སོང་བ་དང་། ཕྱོགས་གཉིས་པོས་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་སྲུང་བརྟན་པོ་ཞུ་བ་དང་ཕར་ཕྱོགས་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུང་གོ་གཅིག་གི་རྩ་དོན་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་རྒྱལ་ཁབ་དེ་བས་མང་བའི་ཐུན་མོང་གི་ངོས་འཛིན་དུ་འགྱུར་བཞིན་ཡོད། ཀྲུང་ལའི་འབྲེལ་བའི་རིན་ཐང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་ཀྲུང་ལའི་ཁེ་ཕན་མཉམ་འདྲེས་དེ་བས་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད། ལོ་མང་རིང་ཀྲུང་གོ་ཉིད་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཨང་གཉིས་པའི་གནས་བབ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་སྒྲོམ་གཞིའི་འོག་ལ་ཏིང་མེ་གླིང་ཕྱོགས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།