སྐབས་བཞི་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོའི་ནང་རྣམ་གྲངས་12ལ་བྱ་དགའ་ཐོབ་པ།
ཚེས་9ཉིན། སྐབས་བཞི་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལོའི”སྤེལ་རེས་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཧྲན་ཏུང་ཆིང་ཏའོ་རུ་འཚོགས་པ་དང་། འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད། རྒྱལ་ཁབ་8ཀྱི་ཕུལ་བྱུང་རྣམ་གྲངས་12འགྲན་བསྡུར་ནང་ཞུགས་པ་དེ་དག་རྣམ་གྲངས་200ལྷག་ཙམ་ནང་ནས་གཟེངས་སུ་ཐོན་ཡོད།
ཕུལ་བྱུང་རྣམ་གྲངས་12ཀྱི་གྲས་སུ། བྱ་དགའ་ཨང་དང་པོ་1དང་། བྱ་དགའ་ཨང་གཉིས་པ་2 བྱ་དགའ་ཨང་གསུམ་པ་3 ཕུལ་བྱུང་བྱ་དགའ་6བཅས་ཚུད་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོའི་རྣམ་གྲངས་ནང་གློག་རྡུལ་ཆ་འཕྲིན་དང་། མི་ཐབས་རིག་ནུས། རྫས་འགྱུར་བཟོ་ལས། རྒྱུ་ཆ་གསར་པ་སོགས་རྒྱལ་སྤྱིའི་སྔོན་ཐོན་ཁྱབ་ཁོངས་ཚུད་ཡོད་ཅིང་། དེའི་ནང་རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་ཀྱིས་བཟུང་བའི་བསྡུར་ཚད་35%ལྷག་ཙམ་ཟིན་ཡོད།