ནུབ་རླངས་ཤར་འདྲེན་གྱིས་འབྲི་ཆུའི་ཟུར་གསུམ་ཁུལ་ལ་ཁྱོན་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5500བཏང་བ།
ཉེ་ཆར། གསར་འགོད་པར་རྒྱལ་ཁབ་མདོང་ལམ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ནུབ་རླངས་ཤར་འདྲེན་གྱི་མདོང་ལམ་མ་ལག་ནས་ཁྱོན་འབྲི་ཆུའི་ཟུར་གསུམ་ཁུལ་ལ་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5500བཏང་བ་དེས་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་7.1གི་ཚབ་བྱས་ནས་དབྱང་གཉིས་མུ་ཟི་ཏུན་ཁྲི་1399.2དང་། ཐལ་རྡུལ་ཏུན་དུང་ཕྱུར་3.98 དབྱང་གཉིས་ཐཱན་འགྱུར་ཏུན་དུང་ཕྱུར་8.04བཅས་ཀྱི་འབུད་ཚད་ཉུང་དུ་གཏོང་ཐུབ་ཡོད་པ་རེད།
མིག་སྔར། ནུབ་རླངས་ཤར་འདྲེན་མདོང་ལམ་མ་ལག་དེ་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་30བརྒྱུད་དེ་ཉིན་རེར་ཐད་འདོན་སྤྱོད་མཁན་204ལ་རང་བྱུང་སོལ་རླངས་མཁོ་འདོན་བྱེད་ཀྱི་ཡོད་པ་དང་། ཉིན་རེའི་གཏོང་ཚད་མང་ཤོས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2ཙམ་ཟིན་གྱི་ཡོད། སོལ་རླངས་མཁོ་འདོན་བྱེད་ཚད་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་རང་བྱུང་སོལ་རླངས་འཛད་སྤྱོད་བསྡོམས་འབོར་གྱི་བཞི་ཆ་གསུམ་ཙམ་ཟིན་ནས་མི་འབོར་དུང་ཕྱུར་2ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།