དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་མཆོད་རྟེན་གཟུགས་ཀྱི་འོད་ཤུགས་དང་ཚ་ནུས་གློག་ཁང་ཐོག་མ་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-12

    ཟླ་6ཚེས་10ཉིན། བོད་ལྗོངས་ཨ་མདོའི་ཆན་ཝ་ཁྲི་10ཡི་འོད་ཤུགས་དང་ཚ་ནུས་གློག་ཁང་དེ་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དུ་ལས་འགོ་འཛུགས་པའི་མཛད་སྒོ་འཚོགས་པ་ལས། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་དང་བོད་ཀྱི་མཆོད་རྟེན་གཟུགས་ཀྱི་འོད་ཤུགས་དང་ཚ་ནུས་གློག་ཁང་དང་པོ་དངོས་སུ་སྐྲུན་འགོ་ཚུགས་པ་མཚོན་གྱི་ཡོད།

    བོད་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”གཙོ་གནད་ནུས་རྒྱུའི་རྣམ་གྲངས་དང་བོད་ཀྱི་ཆན་ཝ་ཁྲི་75ཡི་འོད་ཤུགས་དང་ཚ་ནུས་རྣམ་གྲངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་གློག་ཁང་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་20.37ཙམ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གློག་ཁང་དེ་བསྐྲུན་རྗེས་ལོར་གློག་གཏོང་ཚད་ཏུའུ་དུང་ཕྱུར་2.6ཟིན་པ་དང་ཉིན་རེར་ཆུ་ཚོད་16བསྟུད་མར་གློག་བརྟན་པོ་གཏོང་ཐུབ་པས། བོད་བྱང་ཐང་གི་གློག་དྲའི་གློག་གཏོང་བའི་ནུས་པ་ཆན་ཝ་ཁྲི་20ཙམ་ཇེ་ཆེར་འགྲོ་བ་དང་། ལོར་ཚད་ལྡན་རྡོ་སོལ་ཏུན་ཁྲི་6གྲོན་ཆུང་ཐུབ་པ། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་16.5ཙམ་ཉུང་དུ་གཏོང་ཐུབ་པ་བཅས་གློག་དྲའི་འདེགས་སྐྱོར་རང་བཞིན་གྱི་གློག་ཁུངས་བརྟན་པོ་ཉུང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གློག་ཁང་དེ་2026ལོའི་ཟླ་10པར་དྲ་སྦྲེལ་ཐུབ་ནས་གློག་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།