ཉང་ཆུ་གཙང་པོ་རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་གཙང་པོ་དང་མཚོའི་ཕུལ་བྱུང་དཔེ་མཚོན་དུ་བདམས་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཉེར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཉིང་ཁྲིའི“མ་ཡུམ་གཙང་པོ”ཡིན་པའི་ཉང་ཆུ་གཙང་པོ་2024ལོར་རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་གཙང་པོ་དང་མཚོའི་ཕུལ་བྱུང་དཔེ་མཚོན་དུ་བདེ་བླག་ངང་བདམས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སྤྱིའི་རིང་ཚད་ལ་སྤྱི་ལེ་307.5ཟིན་པའི་ས་མཐོའི་རྒྱུག་ཆུ་འདིའི་གཞུང་ཚད་བཅད་ངོས་ཀྱི་ཆུ་སྤུས་Ⅱརིགས་ལ་བརྟན་པོར་གནས་པ་དང་ཆུའི་བྱེད་ནུས་ཁུལ་གལ་ཆེན་ཕྱོགས་ཡོངས་ནས་ཚད་གཞིར་སླེབས་ཏེ་ཉ་རིགས་མང་དུ་ཕྱིན་ནས་ལྷིང་བུ་སོ་ཧྲལ་སོགས་རྩ་ཆེའི་སྐྱེ་དངོས་རིགས་སླར་ཡང་ཐོན་ཏེ“ཆུ་སྤུས་ལེགས་པ་དང་། སྐྱེ་ཁམས་མཛེས་པ། མི་སེར་ཕྱུག་པ”བཅས་ཀྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།