ཀོང་ཤིས་དང་རི་པིན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སྤེལ་རེས་ཚོགས་འདུ་ནན་ཉིང་དུ་འཚོགས་པ།
ཉིན་ཤས་གོང་། ཀོང་ཤིས་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་དང་རི་པིན་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“ཀུའེ་ཐུང་གླིང་ལྔའི(ཨེ་ཤེ་ཡའི་ས་ཚིགས)”ཀོང་ཤིས་དང་རི་པིན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སྤེལ་རེས་ཚོགས་འདུ་ཀོང་ཤིས་ནན་ཉིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཀོང་ཤིས་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་དང་རི་པིན་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་དབར་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པ་དང་། ཀྲུང་གོ་དང་རི་པིན་ཁེ་ལས་ཀྱི་འཐུས་མིས་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཚོང་ལས་གོ་སྐབས་ངོ་སྤྲོད་དང་། ཚོཌ་ཆུང་བགོས་ནས་སྤེལ་རེས་དང་འབྲེལ་མཐུད། ཁྱད་ལྡན་ཚོང་ཟོག་འགྲེམས་སྟོན་བཅས་བྱས་པ་རེད།