དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཨུ་ལན་དཔའ་ཐུལ་གླེང་མོལ”གྱི་རྒྱལ་སྤྱིའི་ཚོགས་འདུ་སྐབས་བཅུ་པ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-11

    ཉིན་ཤས་གོང་། དུས་ཡུན་ཉིན་གཉིས་ཀྱི“ཨུ་ལན་དཔའ་ཐུལ་གླེང་མོལ”གྱི་རྒྱལ་སྤྱིའི་ཚོགས་འདུ་སྐབས་བཅུ་པ་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་དུ་གྲོལ་བ་རེད། ཀྲུང་གོ་དང་། ཨུ་རུ་སུ། རི་པིན། ཧན་གོ་སོགས་རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་ནས་ཡོང་བའི་ཕྱི་འབྲེལ་དཔོན་དང་། རིགས་གཅིག་མཁས་ཅན། མཁས་དབང་། དེ་བཞིན་མོང་གོལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྒྲིག་གཞིའི་འཐུས་མི་སོགས་མི་230ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།

    མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧྲེན་མིན་ཅོན་གྱིས། ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་ལོ་ཡང་ཡིན། འཆམ་མཐུན་དང་། ཕན་ཚུན་ཡིད་ཆེས། མཐུན་སྒྲིལ། བརྟན་ལྷིང་བཅས་ཀྱི་ཨེ་ཤེ་ཡ་བྱང་ཤར་ནི་ས་ཁུལ་རྒྱལ་ཁབ་ཁག་གི་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་རྒྱལ་ཁབ་དང་བདེ་སྡུག་མཉམ་མྱོང་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག གླེང་མོལ་གྲོས་མོལ་བཅས་ཀྱི་ཨེ་ཤེ་ཡའི་བདེ་འཇགས་རྣམ་པ་འཐབ་ཇུས་ཀྱི་འདེགས་སྐྱོར་ལ་བརྩིས་པ་དང་། ཞི་བདེ་དང་། མཉམ་ལས། སྒོ་དབྱེ། བསྟུན་མཁས་བཅས་ཀྱི་ཨེ་ཤེ་ཡའི་རིན་ཐང་ལྟ་བ་རྩ་བའི་གཞི་འཛིན་སར་བྱས་ཏེ། ཨེ་ཤེ་ཡ་བྱང་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་ཡུན་རིང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་འབད་བརྩོན་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    “ཨུ་ལན་དཔའ་ཐུལ་གྱི་གླེང་མོལ”ལམ་སྲོལ་2013ལོར་བཏོན་པ་དང་། ད་ཐེངས་ཀྱི་ཚོགས་འདུ་ནི་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་དང་མོང་གོལ་རྒྱལ་ཁབ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་འཐབ་ཇུས་ཞིབ་འཇུག་སུའོ་ཡིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།