ཆུ་ཐོག་རྩལ་འགྲན། རིག་གནས་ཉམས་ལེན།
འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་དབྱིན་ཇིའི་ན་ཆུང་ཞིག་གིས་ཀྲུང་གོའི་རླུང་གཡབ་ལ་ཚོན་བྱུག་སྟངས་ཀྱི་ལག་རྩལ་ཉམས་ལེན་བྱེད་བཞིན་པ།
འདི་ནི་ཅན་ཧོ་གཙང་པོའི་ཐོག་གྲུ་ཤན་འབྲུག་མགོ་མའི་རུ་ཁག་གི་རུ་མིས་གྲུ་གཏོང་བཞིན་པ།
ཟླ་6ཚེས་8ཉིན། “2025ལོའི་ཅན་ཆའོ་ཡི་གྲུ་ཤན་འབྲུག་མགོ་མའི་དུས་ཆེན”དབྱིན་ཇིའི་ཅན་ཆའོ་གྲོང་ཁྱེར་དུ་བཏང་ཞིང་། སྐབས་འདིའི་གྲུ་ཤན་འབྲུག་མགོ་མའི་དུས་ཆེན་ནང་ཆུ་ཐོག་འགྲན་བསྡུར་དྲག་པོ་དང་ཕུན་སུམ་ཚོགས་པའི་རིག་གནས་ཉམས་ལེན་ཟུང་དུ་འབྲེལ་ཏེ་ཀྲུང་དབྱིན་མི་ཆོས་རིག་གནས་སྤེལ་རེས་དང་ཡུལ་སྐོར་མཉམ་ལས་ལ་སྐུལ་འདེད་བཏང་ཡོད།
བྱེད་སྒོ་སྤེལ་ཡུལ་དུ། རུ་ཁག་12ཀྱིས་ཅན་ཧོ་གཙང་པོར་འགྲན་བསྡུར་དྲག་པོ་བྱས་པ་དང་། གཙང་འགྲམ་དུ་གཉེར་བའི་ཞིམ་ཟས་ཚོགས་མཆོད་ཐོག་ཤ་མོག་དང་པི་ཤི་སོགས་ཀྲུང་ལུགས་ཟས་རིགས་སྣ་ཚོགས་ཀྱི་དྲི་ཞིམ་འཐུལ། མངོན་མིན་རིག་གནས་ཤུལ་བཞག་གི་ཚོང་འདུས་ཐོག་མཛེས་བཟོ་དང་ཤོག་དྲས་སོགས་སྲོལ་རྒྱུན་རིག་རྩལ་ཁག་20འགྲེམས་སྟོན་བྱས་ནས་ལྟད་མོ་བ་མང་པོའི་ཡིད་དབང་བཀུག ཀྲུང་གོའི་དམངས་ཁྲོད་ཀྱི་རོལ་མོ་དང་། ཁྲོམ་བྲོ། སྣག་རིས་ཞབས་བྲོ་བཅས་དང་དབྱིན་ཇིའི་ལོན་ཏོན་གྱི་དམངས་གཞས་རེས་མོས་ཀྱིས་འཁྲབ་ནས་ཤར་ནུབ་དབར་གྱི་རིག་གནས་མཉམ་འདྲེས་གང་ལེགས་བྱུང་བ་མངོན་ཡོད་པ་རེད།