དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲེ་ཅང་ཅིན་ཧྭ་རུ་དབྱི་ཝུའུ(སུའུ་ཤིས)རྒྱལ་སྤྱིའི་ལྟེ་བའི་གྲུ་ཁ་ཚ་ཚ་འུར་འུར་ངང་སྐྲུན་བཞིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-11

    དབྱི་ཝུའུ(སུའུ་ཤིས)རྒྱལ་སྤྱིའི་ལྟེ་བའི་གྲུ་ཁ་ནི་དབྱི་ཡུང་ཀྲོའུ་སྒོ་དབྱེའི་བགྲོད་ལམ་ཆེན་པོའི་འདེགས་སྐྱོར་རང་བཞིན་གྱི་རྣམ་གྲངས་ཤིག་རེད་ལ། ཉིང་པོའོ་ཀྲོའུ་ཧྲན་གྲུ་ཁའི“གྲུ་ཁ་ཁུལ་དྲུག་པའི”ལྟེ་བའི་གཞི་རྟེན་ཞིག་ཀྱང་རེད། མིག་སྔར་རྣམ་གྲངས་ཀྱི་ལས་གྲྭ་གཙོ་བོ་གཞི་རྩའི་ཆར་ལེགས་གྲུབ་བྱུང་ནས་སྒྲིག་ཆས་ཆེ་གྲས་ཁག་སྒྲིག་སྦྱོར་ཚོད་ལྟ་བྱེད་བཞིན་ཡོད། རྣམ་གྲངས་དེ་ལེགས་གྲུབ་བྱུང་རྗེས། དབྱི་ཝུའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དང་ཉིང་པོའོ་ཀྲོའུ་ཧྲན་གྲུ་ཁའི་ལེགས་ཆ་གང་ལེགས་བཏོན་ཏེ། མཉམ་འབྲེལ་སྣ་མང་གི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཅིག་བསྐྲུན་ནས་སྐམ་མཚོའི་ཕྱི་ནང་མཉམ་འགུལ་གྱི་འཐབ་ཇུས་ལྟེ་གནས་ཤིག་གཏོད་རྒྱུ་རེད། འདི་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དབྱི་ཝུའུ(སུའུ་ཤིས)རྒྱལ་སྤྱིའི་ལྟེ་བའི་གྲུ་ཁའི་འཛུགས་སྐྲུན་བྱ་ཡུལ་དུ་ཅིན་ཧྭ་གྲོང་ཁྱེར་གྱི་དམིགས་བསལ་སྒྲིག་ཆས་ཞིབ་བཤེར་ཞིབ་དཔྱད་ཁང་གི་ལས་དོན་པས་འཁོར་ལམ་ཡོད་པའི་དོས་སྒམ་གྱི་ལྗིད་འདེགས་འཕྲུལ་འཁོར་སྒྲིག་སྦྱོར་དང་སྙོམས་སྒྲིག་ཚོད་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།