དུས་ཚིགས་དང་པོར།
ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་ཞུ་བྱས་པས་མི་ཐེངས་ཁྲི་བདུན་སྟོང་ལྷག་ཙམ་ལ་ཕན་པ་ཐོབ་པ།
གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱི་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པར་ཐད་ཀར་རྩིས་ཞུ་བྱེད་ཚད་གཞི་རྩའི་ཆར་བརྟན་པོ་བྱུང་བ་དང་། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་7075.26ལ་ཕན་པ་ཐོབ་པ་དང་སྨན་རིན་སྔ་རྟིང་སྤྲོད་ཚད་སྒོར་དུང་ཕྱུར་469.92ཉུང་དུ་ཕྱིན་པ་དེ་2024ལོའི་དུས་མཚུངས་ལས་37.97%དང་11.44%སོ་སོར་འཕར་བ་རེད།
དུས་ཚིགས་དང་པོའི་དུས་མཇུག་བར། རྒྱལ་ཡོངས་ཀྱི་ཞིང་སྒྲོལ་དྲ་སྦྲེལ་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་ཁྲི་65.16ཟིན་པ་དེ་2024ལོའི་ལོ་མཇུག་ལས་1.19%འཕར་ཡོད། དུས་ཚིགས་དང་པོར་སྨན་ཁང་དུ་བསྡད་པའི་འགྲོ་གྲོན་ཞིང་ཆེན་བསྒྲལ་ནས་ཐད་ཀར་རྩིས་ཞུ་བྱས་པའི་མི་ཐེངས་ཁྲི་363.89ཟིན་པ་དང་མི་སྒེར་གྱི་རྔ་རྟིང་གཏོང་བའི་དངུལ་གྲངས་སྒོར་དུང་ཕྱུར་365.37ཉུང་དུ་ཕྱིན་པ་དེ་2024ལོའི་དུས་མཚུངས་ལས་11.92%དང་5.68%སོ་སོར་འཕར་ཡོད། སྒོ་བསྟེན་སྨན་ཁང་དཀྱུས་མའི་འགྲོ་གྲོན་ཞིང་ཆེན་བསྒྲལ་ནས་ཐད་ཀར་རྩིས་ཞུ་བྱས་པའི་མི་ཐེངས་ཁྲི་4516.15ཟིན་པ་དང་། མི་སྒེར་གྱི་རྔ་རྟིང་གཏོང་བའི་དངུལ་གྲངས་སྒོར་དུང་ཕྱུར་56.25ཉུང་དུ་ཕྱིན་པ་དེ་2024ལོའི་དུས་མཚུངས་ལས་36.64%དང་30.67%སོ་སོར་འཕར་ཡོད། སྒོ་བསྟེན་སྨན་ཁང་གི་གཅོང་ནད་དང་དམིགས་བསལ་ནད་གཞི་དང་འབྲེལ་བའི་སྨན་བཅོས་འགྲོ་གྲོན་ཞིང་ཆེན་བསྒྲལ་ནས་ཐད་ཀར་རྩིས་ཞུ་བྱས་པའི་མི་ཐེངས་ཁྲི་308.39ཟིན་པ་དང་། མི་སྒེར་གྱི་རྔ་རྟིང་གཏོང་བའི་དངུལ་གྲངས་སྒོར་དུང་ཕྱུར་27.92ཉུང་དུ་ཕྱིན་པ་དེ་2024ལོའི་དུས་མཚུངས་ལས་85.47%དང་69.98%སོ་སོར་འཕར་ཡོད། སྨན་ཚོང་ཁང་ནས་སྨན་ཉོ་བར་ཞིང་ཆེན་བསྒྲལ་ནས་ཐད་ཀར་རྩིས་ཞུ་བྱས་པའི་མི་ཐེངས་ཁྲི་1886.83ཟིན་པ་དང་། ཐེབས་རྩ་ནས་སྒོར་དུང་ཕྱུར་20.38བཏང་བ་དེ་2024ལོའི་དུས་མཚུངས་ལས་41.70%དང་23.86%སོ་སོར་འཕར་ཡོད།