དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅང་སུའུ་སུའུ་ཀྲོའུ་ཡིས་ལས་ཞུགས་མཐུན་འཕྲོད་རྣམ་པའི་གྲོང་ཁྱེར་མགྱོགས་མྱུར་བསྐྲུན་པ།

    ལས་བསྡུའི་ཐད་གཏོང་རླངས་འཁོར་དང་ལས་ཞུགས་ཞབས་ཞུའི་ས་ཚིགས་སོགས་ཁྱབ་སྤེལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-11

    ཟླ་6ཚེས་7ཉིན། ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་གྱིས་ལས་ཞུགས་མཐུན་འཕྲོད་ཅན་གྱི་གྲོང་ཁྱེར་མགྱོགས་མྱུར་བསྐྲུན་པའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ནས། གཞོན་ནུ་ཤེས་ལྡན་པ་དང་ལས་རྣམ་གསར་པའི་ངལ་རྩོལ་པར་ལས་ཞུགས་ཞབས་ཞུའི“སྐྱེས་ཐུམ་ཆེ་མོ”བཏོན་པའི་ནང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་བསྡུའི་ཐད་གཏོང་རླངས་འཁོར་དང་། མཐོ་སློབ་ཀྱི“སྒོ་རྩའི”ལས་ཞུགས་ཞབས་ཞུའི་ས་ཚིགས། “སུའུ་ཀྲོའུ་གཞོན་ནུའི་ས་ཚིགས”ཀྱི་ཤེས་ལྡན་པ་རྩེ་གྲའི་ས་ཚིགས། “ཉིན་གླ་འཚོལ་བའི”འགག་སྒོ་ཨ་མ་བཅས་ཚུད་ཡོད།

    མཐོ་སློབ་སློབ་ཐོན་སློབ་མའི་ལས་བསྡུའི་ཐད་གཏོང་རླངས་འཁོར་གྱིས་2025ལོའི་མཐོ་སློབ་སློབ་ཐོན་སློབ་མར་དམིགས་ནས“དུས་རྟག་ཏུ་ལས་གནས་ཡོད་པ་དང་། གཟའ་འཁོར་རེར་ལས་བསྡུ་ཡོད་པ། ཟླ་བ་རེར་ཆེད་དོན་འདུ་ཚོགས་ཡོད་པ”བཅས་ཀྱི་ལས་བསྡུའི་ཞབས་ཞུའི་མ་ལག་བཏོད་ཡོད། སློབ་ཆེན་སློབ་མ་སློབ་གྲྭ་ནས་ལས་གནས་སུ་སྐྱོད་སྐབས་འབྲེལ་མཐུད་ཡག་པོ་ཡོང་བར་རོགས་རམ་བྱ་ཆེད། ད་ལོ་སུའུ་ཀྲོའུ་ཡིས་ཀྲུང་གོ་མི་དམངས་སློབ་ཆེན་སུའུ་ཀྲོའུ་སློབ་ཁུལ་དང་། ནན་ཅིང་སློབ་ཆེན་སུའུ་ཀྲོའུ་སློབ་ཁུལ། སུའུ་ཀྲོའུ་ཚན་རྩལ་སློབ་ཆེན་སོགས་མཐོ་སློབ་ཏུ“སྒོ་རྩའི”ལས་ཞུགས་ཞབས་ཞུའི་ས་ཚིགས་བཏོད་ནས་མཐོ་སློབ་སློབ་མར་ལས་རིགས་མཛུབ་ཁྲིད་དང་། ལས་གནས་འོས་སྦྱོར། ལས་གཏོད་རོགས་སྐྱོར་སོགས་ཕྱོགས་བསྡུས་ཞབས་འདེགས་ཞུས་ཡོད། མིག་སྔར“སུའུ་ཀྲོའུ་གཞོན་ནུའི་ས་ཚིགས”ཀྱིས་ས་ཚིགས་134བཙུགས་ཟིན་པར་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་གཞུང་དང་ཤང་དང་གྲོང་རྡལ་ཚང་མར་ཁྱབ་པ་དང་ཁྱོན་བསྡོམས་གཞོན་ནུ་མི་ཐེངས་ཁྲི་2ལ་ཞབས་འདེགས་ཞུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།