གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཐབས་མང་མཉམ་སྤྱོད་དང་གནད་སྨིན་ཤུགས་འདོན་གྱིས།
འགོག་ཟོན་ནུས་པ་ཆེ་རུ་བཏང་ནས་དུས་བདེའི་མཐའ་ཚད་བརྟན་པོར་སྲུང་བ།
མེ་གསོད་བདེ་འཇགས་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ངོ་བོ་དང་འབྱུང་རྩའི་ཐད་ནས་མེ་གསོད་བདེ་འཇགས་ཀྱི་འགོག་ཟོན་ནུས་པ་ཆེ་རུ་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་གནད་སྨིན་ཤུགས་འདོན་དང་ཕྱོགས་བསྡུས་ཇུས་འདོན་བྱས་ནས། བྱ་སྤྱོད་གཏིང་ཟབ་ལ་ཏན་ཏིག་དང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ་རེད།
གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མེ་གསོད་བདེ་འཇགས་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ལ་ཞིབ་འཇུག་དང་བཀོད་སྒྲིག་ཐེངས་མང་བྱས་ཤིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་ཐོག་ཏུ་བཀོད་སྒྲིག་དོན་འཁྱོལ་དང་རིམ་པ་བཞིན་གནོད་ཤུགས་སྤྲད་ཡོད། འགོ་ཁྲིད་གཙོ་བོས་སྔ་རྗེས་སུ་རུ་སྣེ་ཁྲིད་དེ་སྤྱི་ཚོགས་ཚན་པ་དང་མེ་གསོད་དཔུང་ཁག་ཏུ་བསྐྱོད་དེ་མེ་གསོད་ལས་དོན་གྱི་གནས་ཚུལ་ཐད་བརྟག་ཞིབ་དང་ཞིབ་བཤེར་བྱས་པ་དང་། མེ་གསོད་དང་། སྤྱི་བདེ། གྲོང་ཁྱེར་དོ་དམ། གྲོང་ཁྱེར་ལྟ་འདོམས་སོགས་སྡེ་ཚན་སྒྲིག་འཛུགས་ཀྱིས་རྩ་བཅོས་འགག་སྒྲོལ་གྱི་མེ་གསོད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོའི་ཆེད་དོན་བྱ་སྤྱོད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས། རྫོང(ཆུས)མེ་གསོད་ལས་དོན་ཐད་ས་ཆ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས་ལས་འགན་ཁག་བགོས་ཞིབ་ཚགས་སུ་གཏོང་བ་དང་རིམ་པ་ཁག་གི་འགན་འཁྲི་ནན་དུ་བཏང་སྟེ། ཏང་ཨུད་དང་སྲིད་གཞུང་ནས་ལས་རིགས་སྡེ་ཚན་དང་གཞི་རིམ་གྱི་མཐའ་སྣེ་བར་དང་། དེ་ནས་སྤྱི་ཚོགས་ཚན་པ་བར་གྱི་ཕྱོགས་ཡོངས་ཀྱི་འགན་འཁྲིའི་མ་ལག་བཏོད་ནས་དཀའ་གནད་ཐག་གཅོད་ཧུར་ཐག་བྱས་པ་རེད།
གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རིམ་པ་ཁག་གིས་ཁོངས་གཏོགས་ཁུལ་གྱི་མེ་སྐྱོན་གྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་ཞིབ་བཤེར་དང་ཆེད་དོན་བཅོས་སྒྲིག་གི་ལས་དོན་དང་ཟུང་འབྲེལ་གྱིས་མཉམ་འབྲེལ་ཞིབ་བཤེར་དང་། ལས་ཀའི་དུས་ཚོད་མིན་པའི་སྐབས་སུ་ཞིབ་བཤེར། “ཕྱིར་མིག་ལྟ་བ”སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད། ལས་རྣམ་མང་བའི་མཉམ་བསྲེས་ཐོན་སྐྱེད་གཉེར་སྐྱོང་ཁང་དང་། གློག་སྒུལ་སྦག་སྦག་ཚོང་ཁང་། འབར་རླངས་སྤྱོད་ས། མི་མང་འཛོམས་ས་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ཁུལ་དུ་གྲལ་བཤེར་བཅོས་སྒྲིག་གིས་མེ་གསོད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་བ་རེད། ལོ་སྟོད་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་མེ་གསོད་རོགས་སྐྱོབ་སྒྲིག་གཞིས་ཚན་པར་ཞིབ་བཤེར་ཐེངས་2456བྱས་པ་བརྒྱུད། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དང་ཁྲིམས་འགལ་བྱེད་སྤྱོད་ཁག་4952ཤེས་རྟོགས་བྱུང་བ་དང་དག་ཐེར་ལ་སྐུལ་འདེད་བཏང་སྟེ་དག་ཐེར་བྱེད་དགོས་པའི་བརྡ་ཐོ་2187བཏང་བ་རེད།
གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“གྲོང་ཚོ་དང་དུད་ཚང་། དགོན་སྡེར་སྐྱོད་པའི”ལས་དོན་དམ་འཛིན་བྱ་གཞིར་བྱས་ནས་ཤང་དང་གྲོང་རྡལ་སྲིད་གཞུང་དང་། གྲོང་ཚོ་ཨུ་ལྷན། གྲོང་སྡོད་རུ་ཁག དང་བླངས་པ་དང་མངགས་གཏོང་ཁང་། དམངས་ཕན་ཞབས་ཞུའི་ས་ཚིགས་སོགས་ཕྱོགས་མང་སྟོབས་ཤུགས་སྐུལ་སློང་གིས་ཞིང་འབྲོག་ཁུལ་དང་དགོན་སྡེར་བསྐྱོད་དེ་མེ་གསོད་བདེ་འཇགས་ཀྱི་གསོ་སྦྱོང་བྱས་པ་དང་། རྒྱུན་གཏན་གྱི་མེ་གསོད་ནང་དོན་འགྲེལ་བཤད་རྒྱག་པ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དག་ཐེར་ལ་མཛུབ་ཁྲིད། མི་སྣ་ཁ་འགྲེམས་དང་མེ་སྐྱོན་ལས་ཐར་ཐབས་ནང་སྦྱོང་། ས་ཆ་དངོས་སུ་མེ་གསོད་སྟངས་བསླབ་པ་བཅས་བྱས་པས། མང་ཚོགས་ཀྱི་མེ་སྐྱོན་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད། མིག་སྔའི་བར་རིམ་རྩིས་བརྒྱབ་ན། གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རིམ་པ་ཁག་གིས་ཤང་དང་གྲོང་རྡལ་157དང་གྲོང་ཚོ་1092སུ་བསྐྱོད་དེ་མེ་གསོད་དྲིལ་བསྒྲགས་བྱེད་སྒོ་1812སྤེལ་བ་དང་། དུད་ཚང་ཁྲི་3.48ལྷག་ཙམ་དུ་བསྐྱོད་དེ་མེ་གསོད་དྲིལ་བསྒྲགས་བྱས་པ་རེད།