ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས།
ས་ཡོམ་གནོད་འཚེའི་ཕྱོགས་བསྡུས་འཕྲལ་སྡོམ་ནང་སྦྱོང་ལ་ཞུགས་པ།
འདི་ནི་མེ་གསོད་རུ་མིས་འཁོར་རིགས་བཤིག་པའི་རོགས་སྐྱོབ་ནང་སྦྱོང་བྱེད་བཞིན་པ།
འདི་ནི་མེ་གསོད་རུ་མིས་Tདབྱིབས་འཕྲེད་བརྒལ་རོགས་སྐྱོབ་ནང་སྦྱོང་བྱེད་བཞིན་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་དུ“2025ལོའི་ལྷོ་ཁའི་འཕྲལ་སྡོམ་འགན་འཁྲིའི”ས་ཡོམ་གནོད་འཚེ་སྣ་ཚོགས་ཀྱི་ཕྱོགས་བསྡུས་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད། ནང་སྦྱོང་ལ་ཞུགས་མཁན་སྟོབས་ཤུགས་གཙོ་བོ་ཡིན་པའི་ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མི་ཧྲག་སྐོང་བསྡུ་བྱས་ཏེ། སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་དུ་དངོས་འཐབ་ཅན་གྱི་ནང་སྦྱོང་ལ་ཞུགས་པ་རེད།
ད་ཐེངས་ཀྱི་དངོས་འཐབ་ཅན་གྱི་ནང་སྦྱོང་བརྒྱུད། ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ས་ཁོངས་བརྒལ་བའི་ས་ཡོམ་རོགས་སྐྱོབ་ཀྱི་སྔོན་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། འཐབ་ཕྱོགས་ཁག་གི་ས་ཡོམ་རོགས་སྐྱོབ་ཀྱི་འགན་འཁྲི་དང་ལས་འགན་ཞིབ་ཚགས་སུ་གཏོང་བ། ས་ཡོམ་འཕྲལ་སྡོམ་ཐག་གཅོད་ཀྱི་གོ་རིམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། སླད་ཕྱིན་ས་ཡོམ་རོགས་སྐྱོབ་ལས་དོན་སྤེལ་བར་རྨང་གཞི་བརྟན་པོ་བཏིང་བ་རེད།