གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས།
“མཛེས་སྡུག་ལྡན་པའི་གྲོང་གསེབ་ལ་སྐྱོད་པའི”འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ལྷ་རྩེ་གྲོང་རྡལ་ལྷ་རྩེ་གྲོང་ཚོར་བསྐྱོད་ནས“མཛེས་སྡུག་ལྡན་པའི་གྲོང་གསེབ་ལ་སྐྱོད་པའི”འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་སྔོན་འགོག་བྱས་པ་རེད།
མི་དམངས་ཉེན་རྟོག་པས་ལྷ་རྩེ་གྲོང་ཚོར་གཏན་འཇགས་དྲིལ་བསྒྲགས་ས་ཚིགས་བཙུགས་ཏེ་ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། ལག་ཁྱེར་མེད་པར་འཁོར་གཏོང་། མི་ཚད་ལས་བརྒལ་ནས་བླུག་པ། ཞིང་འཕྲུལ་ནང་ཁྲིམས་འགལ་ངང་མི་བླུག་པ། བདེ་འཇགས་རྨོག་ཞྭ་མི་གྱོན་པ་སོགས་རྒྱུན་མཐོང་གི་ཁྲིམས་འགལ་བྱེད་སྤྱོད་ཐོན་སྐབས་འཁུར་དགོས་ངེས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་དང་། མང་ཚོགས་ལ་ཡ་རབས་ལྡན་པའི་ཁ་ལོ་བ་ཞིག་བྱས་ནས་བདེ་འཇཌ་ངང་རླངས་འཁོར་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། གཞན་ཡང་། ཉེན་རྟོག་པས་ད་དུང་ས་གནས་ས་ཐོག་ཏུ“འགྲིམ་འགྲུལ་དོ་དམ་12123”APPཐོག་ལོ་འཁོར་ཞིབ་བཤེར་སྔོན་མངགས་བྱེད་པ་དང་དྲ་རྒྱའི་སྐར་གསོག་སློབ་སྦྱོང་གི་རེ་ཞུ་སོགས་བེད་སྤྱོད་བྱེད་སྟངས་དཔེ་སྟོན་བྱས་པ་རེད།