དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས།

    དྲིལ་བསྒྲགས་སློབ་གསོ་གནད་སྨིན་སྤེལ་ནས་བདེ་འཇགས་ཤེས་དཔལ་གྱི་འགྲིམ་འགྲུལ་ཁོར་ཡུག་ཐུན་མོང་ཐོག་གཏོད་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-11

    ཟླ་4པ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“བརྗོད་གཞི་རེས་མོས་ངང་བདམས་ནས་དྲིལ་བསྒྲགས་སློབ་གསོ་གནད་སྨིན་སྤེལ་བའི”རྣམ་པ་གསར་གཏོད་བྱས་ཏེ། སློབ་གྲྭ་དང་། གྲོང་གསེབ། མེ་གསོད། ལས་གྲྭ། ཁ་ལོ་བའི་ཡིག་རྒྱུགས་གཏོང་ས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཆེད་དོན་དྲིལ་བསྒྲགས་བྱས་ཏེ། བདེ་འཇགས་དང་།ཤར་བགྲོད། ཤེས་དཔལ་བཅས་ཀྱི་འགྲིམ་འགྲུལ་ཁོར་ཡུག་བསྐྲུན་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད།

    ཉིང་ཁྲིའི་འགྲིམ་འགྲུལ་ཉེན་རྟོག་པས་སྲོལ་རྒྱུན་གྱི་དྲིལ་བསྒྲགས་བྱེད་སྟངས་ལས་ཚད་བརྒལ་བྱས་ནས་དབྱིངས་ཞུགས་རྣམ་པ་དང་མཉམ་འགུལ་རྣམ་པའི་སློབ་གསོའི་རྣམ་པ་བཏོད་ཅིང་། གྲོང་ཁྱེར་དེ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་དངོས་སྦྱོང་འཛིན་གྲྭར་བརྟེན་ནས། འགྲིམ་འགྲུལ་ཉེན་རྟོག་པའི་སྒྲོག་འགྲེལ་ཚོགས་པས་ཁོངས་གཏོགས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ། ཚོགས་སྤྱི་མི་འདྲ་བའི་ཕྱིར་སྐྱོད་ཁྱད་ཆོས་ལ་དམིགས་ནས་དྲིལ་བསྒྲགས་ཇུས་གཞི་གཏན་འཁེལ་བྱས་པ་རེད། སློབ་གྲྭར་དྲིལ་བསྒྲགས་ཚོགས་པས“འགྲོ་སྐྱོད་བདེ་འཇགས”དང་། “རླངས་འཁོར་ལ་སྡོད་སྐབས་ཀྱི་བདེ་འཇགས”“རྐང་འཁོར་ཞོན་སྐབས་ཀྱི་བདེ་འཇགས”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་ཚན་ཆེན་པོ་གསུམ་ཇུས་འགོད་ཞིབ་ཚགས་བྱས་ཏེ། “ཉེན་ཁ་རྟོགས་པ་དང་ཉེན་ཁ་ལས་གཡོལ་ཤེས་པའི”རྩལ་ནུས་གསོན་ཉམས་ལྡན་པའི་སྒོ་ནས་ཁྱབ་གདལ་བཏང་ནས། སློབ་མས་སྤེལ་རེས་འཁྲུག་པོའི་ཁྲོད་བདེ་འཇགས་ཕྱིར་སྐྱོད་ཀྱི་ཤེས་བྱ་ཁོང་དུ་ཆུད་པར་བྱས་ཡོད། གྲོང་གསེབ་ཏུ་ཞིང་སྤྱོད་རླངས་འཁོར་གྱིས་ཁྲིམས་འགལ་ངང་མི་སྐྱེལ་བ་དང་ཆང་བཏུངས་འཁོར་གཏོང་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། སྒྲོག་འགྲེལ་པས་རྒྱ་བོད་སྐད་གཉིས་ཀྱི་འགྲེལ་བཤད་དང་གསོན་ཉམས་དོད་པའི་ཉེ་འགྲམ་གྱི་གྱོད་དཔེ་དྲངས་པར། མང་ཚོགས་ལ་ངོས་འཛིན་གཅིག་མཐུན་བྱུང་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་སྤྲོ་སྣང་ཁྲོད་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། གྲོང་ཁྱེར་འཛུགས་སྐྲུན་ལས་ཡུལ་དུ་སྒྲོག་འགྲེལ་པས“ལས་ཡུལ་དུ་ཞིབ་བཤེར་དང་གཅིག་སྡུད་སྒྲོག་འགྲེལ”ཟུང་འབྲེལ་གྱི་བྱེད་སྟངས་འགོ་འཛུགས་སར་བྱས་ནས། འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གསོ་སྦྱོང་དང་རླངས་འཁོར་བདེ་འཇགས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཡོད། ཁ་ལོ་བའི་ཡིག་རྒྱུགས་ལྟེ་གནས་སུ་སྒྲོག་འགྲེལ་པས“འགྲིམ་འགྲུལ་བདེ་འཇགས་སློབ་ཚན་དང་ཆང་བཏུངས་འཁོར་གཏོང་གིVRའདྲ་བཟོའི་ཉམས་ལེན”ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད། བདེ་འཇགས་ཕྱིར་སྐྱོད་ཀྱི་འདུ་ཤེས་ཁ་ལོ་བའི“སློབ་ཚན་དང་པོར”འདྲེས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།