མཚོ་སྨད་རྫོང་ཁྲིམས་འཛིན་ཅུས་ཀྱིས།
ཁྲིམས་རྩོད་པའི་ལས་དོན་ཁང་དང་མཉམ་དུ“ཁྲིམས་ལུགས་ཤང་སྤེལ”གྱི་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྤེལ་བ།
ཉེ་ཆར། མཚོ་སྨད་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཨན་ཧུའེ་ཆིང་ཧོ་ཆིན(མཚོ་སྨད)ཁྲིམས་རྩོད་པའི་ལས་དོན་ཁང་དང་མཉམ་དུ་རྫོང་དེའི་གྲི་གུ་གྲོང་རྡལ་བྲག་རྩ་གྲོང་ཚོར“ཁྲིམས་ལུགས་ཤང་སྤེལ། དམངས་དོན་ཁྲིམས་གཞུང་འབྲོག་སྤེལ”གྱི་བཅའ་ཁྲིམས་ཞབས་ཞུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་བཅའ་ཁྲིམས་ཤེས་བྱ་སྤྱིར་བཏང་མི་སེར་གྱི་ཁྱིམ་དུ་དྲིལ་བསྒྲགས་བྱས་ཡོད།
བྱེད་སྒོའི་ཁྲོད་ལས་དོན་པས་མི་དམངས་འདུམ་འགྲིག་དང་། བཅའ་ཁྲིམས་རོགས་སྐྱོར། གཞུང་དཔང་བདག་སྤྲོད་སོགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ལས་སྒོར་དམ་པོར་དམིགས་ཏེ། བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་དཔྱད་གཞི་དང་ལས་སྒྲུབ་ཕྱོགས་སྟོན་དྲིལ་བསྒྲགས་ཤོག་བྱང་སོགས་སྤྲད་པ་མ་ཟད། ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་དོགས་གཞིར་ལན་བཏབ་པ་རེད།
དེ་དང་ཆབས་ཅིག མཚོ་སྨད་རྫོང་ཁྲིམས་འཛིན་ཅུས་གཞུང་ཁྲིམས་ལྟེ་གནས་ཀྱི་ལས་དོན་པས་མང་ཚོགས་ལ་གཞུང་དཔང་ཞབས་ཞུའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བྱས་པ་མ་ཟད། གཞུང་དཔང་ལས་སྒོའི་ཁྲོད་ཁྲིམས་བཀོད་ཤུལ་འཛིན་དང་། མངཌ་བཅོལ། གསལ་བསྒྲགས། གྱོད་སྒྲུབ་བདག་སྤྲོད་བཅས་ཀྱི་གཞི་རྩའི་གོ་རིམ་དང་། དེ་བཞིན་དཔྱད་ཡིག་བསྡུ་རུབ་དང་ཆ་འཕྲིན་ཞིབ་དཔྱད་སོགས་ཀྱི་དོན་དག་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།