དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་སྤང་ཕུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།

    ཕྱུག་འགྱུར་ཐབས་ལམ་བཏོད་དེ་སྒུལ་ནུས་གསར་པ་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-11

    གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པ་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་སྤང་ཕུ་གྲོང་ཚོར་བཅའ་སྡོད་བྱས་ཚུན། གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ་སེམས་ནུས་གཅིག་སྒྲིལ་གྱིས་མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་དམ་པ་དོན་གཉེར་གྱི་ངར་ཤུགས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་པ་རེད།

    གྲོང་སྡོད་ལས་དོན་རུ་ཁག་བཅའ་སྡོད་བྱས་རྗེས། འཕྲལ་མར་ཁྱིམ་ཚང་རེ་རེ་བཞིན་ལ་འཚམས་འདྲི་བྱས་པ་མ་ཟད། གྲོང་མིར་ལོ་མང་དཀའ་ངལ་བཟོས་པའི་འགྲོ་ལམ་གྱི་གནད་དོན་དོན་ཆེན་ཨང་དང་པོར་བརྩིས་ཡོད། ཕྱོགས་མང་མཐུན་སྦྱོར་བྱས་པ་བརྒྱུད། མ་དངུལ་སྒོར་ཁྲི་200ཙམ་བརྩོན་ལེན་བྱས་ནས་གྲོང་ཚོ་ཡོངས་ཀྱི་འགྲོ་ལམ་དང་ཟམ་པ་ཉམས་བཟོ་སྒྱུར་བཀོད་ལེགས་སྒྲུབ་བྱས་པ་རེད། ད་ཆ། འཁོད་སྙོམས་ཤིང་རྒྱ་ཆེ་བའི་གཞུང་ལམ་གྲོང་ཚོ་དང་སྦྲེལ་ནས་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱེད་པའི་ཐབས་ལམ་བཏོད་པ་མ་ཟད། མང་ཚོགས་ཀྱི་སེམས་ནང་གི་ཕྱུག་འགྱུར་ལམ་བུར་ཡང་གྱུར་ཡོད། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་རིམ་སྤོར་བྱས་པ་དང་ཆབས་ཅིག་གྲོང་ཚོ་དེས་ལུང་ཤུར་རིག་གནས་དང་གླིང་ཁའི་དཔལ་འབྱོར་སོགས་ཀྱི་ཁྱད་ཆོས་ལ་གཞིས་ཚུགས་ནས་མ་དངུལ་སྒོར་ཁྲི་3800བཏང་སྟེ་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་བྱས་པ་རེད། སྔོན་དཔག་བྱས་ན། འདི་ལོའི་ཟླ་8པར་བསྐྲུན་ཟིན་རྗེས་ལོ་རེར་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་འཕར་རྒྱུ་དང་ལས་གནས་40མཁོ་འདོན་ཐུབ་རྒྱུ་རེད། དུས་མཚུངས་སུ་ལག་བསྟར་བྱས་པའི་པགས་དམར་ཞོག་ཁོག་མུའུ་150ཡི་ཚན་རྩལ་འདེབས་འཛུགས་རྣམ་གྲངས་ཀྱིས་སྔོན་དཔག་བྱས་ན་ཡོང་འབབ་སྒོར་ཁྲི་45འཕར་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད།

    སྤང་ཕུ་གྲོང་ཚོར་རྣམ་པ་གསར་པའི“སྐར་བསགས་དངུལ་ཁང”གི་ལམ་ལུགས་གསར་གཏོད་ཁྱབ་སྤེལ་བཏང་ནས་ཏང་ཡོན་གྱིས་གདོང་ལེན་སྣེ་ཁྲིད་བྱས་ཏེ་དང་བླངས་ཞབས་ཞུ་དང་། གྲོང་དོན་ནང་ཞུགས་པ། ཁོར་ཡུག་སྲུང་སྐྱོང་སོགས་སྐར་བསགས་དཔྱད་ཞིབ་ནང་བཅུག་ཡོད། གྲོང་ཚོ་ཨུ་ལྷན་གྱི་ཟོག་སྒྲོམ་ཐོག་གི་འཚོ་བའི་མཁོ་ཆས་ལ“སྐར་མ”གསལ་པོར་བཀོད་ཡོད་པ་དང་གྲོང་མིས་སྐར་མར་གཞིགས་ནས་བྱ་དགའ་བརྗེ་ཡི་ཡོད། ལམ་ལུགས་ལག་ལེན་བསྟར་རྗེས། འགྲོ་ལམ་གཙང་ཕྱགས་དང་ཁོར་ཡུག་བཅོས་སྐྱོང་ནང་གྲོང་མི་རང་འགུལ་ངང་ཞུགས་པས“སྐར་མ་བརྩོན་ལེན་དང་ལེགས་སྐྱེས་བསྡུར་བའི”རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    གྲོང་སྡོད་ལས་དོན་རུ་མི་ཚོས་ཞིང་ནང་དུ་རྩ་བ་ཚུགས་པས་མཉམ་སྡེབ་འཕེལ་རྒྱས་ཀྱི་སེམས་ཁྲལ་སེལ་ཐུབ་པ་མ་ཟད། མི་སེར་གྱི་སེམས་ལ་དེ་བས་དྲོ་སྐྱིད་སྦྱིན་ཡོད་པ་སྟེ། ཞིང་བྲེལ་དུས་སུ་ལོ་ཏོག་བསྡུ་རོགས་བྱེད་པ་དང་། སློབ་འགོ་ཚུགས་པའི་དུས་ཚིགས་སུ་ཁེ་ལས་དང་འབྲེལ་གཏུག་བྱས་ནས་ཡིག་ཆས་ཞལ་འདེབས་རྒྱག་པ། སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་དུས་བཀོལ་སྤྱོད་བྱེད་སྟངས་དམར་ཁྲིད་བྱེད་པ། དུས་བཀག་ངང་རྒན་རྒོན་གྱི་ཁྱིམ་དུ་སྐྱོད་དེ་གཟུགས་པོར་བརྟག་དཔྱད་བྱེད་པ་བཅས་རེད། མཉམ་སྡེབ་དཔལ་འབྱོར་གྱི་ཕན་འབྲས་ཚད་ལྡན་ངང་བེད་སྤྱོད་བྱས་པ་བརྒྱུད་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་50%ཆག་ཡང་དང་རྩ་ཆག་བཏང་བ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་རིམ་རྩིས་བརྒྱབ་ན་འཚམས་འདྲིའི་དངུལ་སྒོར་ཁྲི་3ལྷག་ཙམ་བརྩོན་ལེན་བྱས་པ་རེད། 2024ལོར། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི་2.72ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་15.8%འཕར་བ་དང་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་193.6ཟིན་ནས་མང་ཚོགས་ལ་ཐོབ་ཆ་སྒོར་ཁྲི་57.1བགོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།