དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་རྩལ་ནུས་འགྲན་ཏེ་རིག་གནས་རྒྱུན་འཛིན་དང་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།

    —— ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་རྩལ་ནུས་འགྲན་བསྡུར་ཆེན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-11

    འདི་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནོར་གནས་ཤང་གི་ལས་བྱེད་པས་ཇ་སྲུབ་མ་བཟོ་སྟངས་སྦྱོང་བཞིན་པ།

    འདི་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནོར་གནས་ཤང་གི་ལག་ཤེས་པས་སློབ་མར་རྩམ་པ་འཐག་སྟངས་སློབ་བཞིན་པ།

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནོར་གནས་ཤང་དུ་མར་འདོན་སྟངས་དང་། འཇིམ་སྐུ་བཞེངས་སྟངས། བརྐོས་རྒྱག་སྟངས་སོགས་ཀྱི་ནང་དོན་བདུན་ཚུད་པའི“སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་འགྲན་བསྡུར་ཆེན་མོའི”བྱེད་སྒོ་ཞིག་སྤེལ་ནས། དུས་རྒྱུན་གཞུང་ལས་ཁང་དུ་ལས་ཀ་བྱེད་མཁན་ལས་བྱེད་པ་དང་ལས་བཟོ་ཚོས་ཞིང་འབྲོག་པའི་ངལ་རྩོལ་གྱི་དཀའ་ངལ་དངོས་སུ་ཚོར་བ་དང་། མང་ཚོགས་ཚོས་མཉམ་འགུལ་ཁྲོད་ལས་བྱེད་པའི་དངོས་སྒྲུབ་སྤྱོད་ཚུལ་ཚོར་བ་བྱས་པ་རེད། བྱེད་སྒོ་དེས་ཁྱོན“མང་ཚོགས་དང་ལས་བྱེད་པ”ཆ་21འགྲིག་པར་སྐུལ་འདེད་བཏང་སྟེ་རྗེས་མཐུད་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།

    ད་ཐེངས་ཀྱི་བྱེད་སྒོར“མང་ཚོགས་དང་ལས་བྱེད་པ་ཟུང་དུ་འབྲེལ་བའི”རྣམ་པ་དམིགས་སུ་བཀོད་སྒྲིག་བྱས་ནས། གྲོང་ཚོ་ཁག་གི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཞིང་འབྲོག་པས་མཛུབ་སྟོན་པ་བྱས་ཏེ་ལས་བྱེད་པ་དང་ལས་བཟོ་ཚོར་སྲོལ་རྒྱུན་གྱི་ལག་ཤེས་དམར་ཁྲིད་བྱས་པ་རེད། ཇ་སྲུབ་མ་བཟོ་སྟངས་སློབ་སྐབས་ལོ་50ལ་སླེབས་པའི་གྲགས་པ་དོན་གྲུབ་ཀྱིས་ཇ་བཟོ་སྟངས་སློབ་ཞོར་དུ“ཇ་སྲུབ་མའི་ཡག་ཉེས་ལས་སྐུ་མགྲོན་ལ་མཐོང་ཆེ་ཆུང་མཚོན་པས། ཇ་མདོང་དམ་པོར་བཟུང་ནས་དཀྲུག་དཀྲུག་སྙོམས་པོ་གཏོང་དགོས”ཞེས་གསལ་འགྲེལ་བརྒྱབ། ཤང་གི་ལས་བྱེད་པ་ཀྲང་ཧྥུང་གིས་གྲགས་པ་དོན་གྲུབ་ཀྱི་ཁྲིད་སྟོན་འོག་ཇ་བཟོ་ཤེས་ནས་མཐར་བྲོ་བ་ཞིམ་པའི་ཇ་སྲུབ་མ་ཧུའུ་གང་བཟོས་པ་རེད།

    རིག་གནས་རྒྱུན་འཛིན་ནི་ད་ཐེངས་ཀྱི་བྱེད་སྒོའི་བཀྲག་མདངས་འཚེར་ས་གཞན་ཞིག་ཡིན་ཞིང་། ནོར་གནས་ཤང་གི་སྲོལ་རྒྱུན་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་འགྲན་བསྡུར་བདུན་གྱི་འགྲན་ཞུགས་པ་ལས་གྲུབ་པའི“མཛུབ་ཁྲིད་ཚོགས་པ”དང་ཤང་སློབ་ཆུང་གི་སློབ་མ་60ལྷག་ཙམ་ཆ་འགྲིག་སྟེ་རྒན་གཞོན་ལག་གདང་སྦྲེལ་ནས་སྲོལ་རྒྱུན་ལག་རྩལ་བརྒྱུད་ཁྲིད་བྱས་པ་རེད། འཁེལ་འཐག་འགྲན་ཁུལ་དུ་ལག་ཤེས་པ་རྒན་གྲས་བློ་བཟང་དབང་མོས་ལོ་རིམ་བཞི་པའི་སློབ་མ་བདེ་གཡང་ལྷ་མོ་ཁྲིད་དེ་རྩིད་པ་དང་བལ་སྤྱད་དེ་རྒྱུ་སྤུན་འཁེལ་བ་ནས་གྱོན་ཆས་བསླ་བའི་བར་གྱི་ལག་རྩལ་རིམ་པ་བཞིན་ངང་རྒྱུད་རིང་པོས་བསླབས་པ་རེད།

    བྱེད་སྒོ་སྤེལ་རིང་། སྲོལ་རྒྱུན་རྩལ་ནུས་འགྲན་བསྡུར་རེ་རེས་རིག་གནས་རྒྱུན་འཛིན་དང་མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་དོད་པའི་རྣམ་པ་བཀོད་ཡོད་ཅིང་། དེ་གར་ལག་ཤེས་པ་རྒན་གྲས་དང་སློབ་མས་ལག་གདང་དམ་པོར་འབྲེལ་བ་དང་། རྒྱ་རིགས་དང་བོད་རིགས་གཅིག་སེམས་གཅིག་ཏུ་འབྲེལ་བ། ལས་བྱེད་པ་དང་མང་ཚོགས་དབར་བརྩེ་བ་ཟབ་མོ་མཉམ་འདྲེས་བཅས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།