དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉེ་བའི་ལོ་གཉིས་རིང་བོད་ཀྱི་དྲ་ཚོང་ཤེས་ལྡན་པའི་གསོ་སྦྱོང་ལ་མི་ཐེངས་ཁྲི་5ལྷག་ཙམ་ཞུགས་པ།

    ཁྱད་ལྡན་ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་བར“ཤེས་ལྡན་པའི་གསོན་ཤུགས”བསྣན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-11

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། གྲོང་གསེབ་ཏུ་དྲ་ཚོང་ཤེས་ལྡན་པ་དཀོན་པའི་དཀའ་གནད་ཐག་གཅོད་བྱ་ཆེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་དམ་འཛིན་བྱ་གཞིར་བྱས་ཏེ། “དྲ་ཐོག་ལས་སྟེགས་དང་དྲ་ཐོག་དངོས་སྦྱོང”ཟུང་འབྲེལ་གྱི་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱས་པས། ཉེ་བའི་ལོ་གཉིས་རིང་རིམ་རྩིས་བརྒྱབ་ན་དྲ་ཚོང་གསོ་སྦྱོང་ཐེངས་809བྱས་པར་མི་ཐེངས་ཁྲི་5.4ལྷག་ཙམ་ཞུགས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་བར“ཤེས་ལྡན་པའི་གསོན་ཤུགས”བསྣན་ཡོད།

    རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་གསོ་སྦྱོང་ལ་བརྟེན་ནས་དྲ་ཚོང་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། གསོ་སྦྱོང་ལ་བརྟེན་ནས་དྲ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གསོ་སྦྱོང་ལ་བརྟེན་ནས་དྲ་ཚོང་གི་སྣེ་ཁྲིད་པ་གསོ་སྐྱོང་བྱེད་པ་སོགས་ཀྱི་བླང་བྱ་བཏོན་ཏེ། རྣམ་གྲངས་འཛུགས་སྐྲུན་གྱི་འགན་འཁུར་ཚན་པས་གྲོང་ཁྱེར་བདུན་གྱི་ས་ཁུལ་དུ་བསྐྱོད་ནས་མངགས་ཐོ་རྣམ་པའི་གསོ་སྦྱོང་བྱེད་པར་སྐུལ་འདེད་བཏང་བ་རེད། འགོ་ཁྲིད་ལས་བྱེད་པར་དམིགས་ནས“གྲངས་འཛིན་དཔལ་འབྱོར་དང་ཐོན་ལས་བཅོས་སྐྱོང”གི་ཆེད་དོན་ཚན་ཁག་བཙུགས་ཏེ། སྲིད་ཇུས་དོན་འཁྱོལ་བྱེད་ནུས་ཆེ་རུ་བཏང་བ་དང་། མཉམ་ལས་ཁང་གི་གཉེར་སྐྱོང་པར་ཁ་ཕྱོགས་ནས“ཐད་གཏོང་ཟོག་ཚོང་དང་མཁོ་སྤྲོད་འཁོར་འབྲེལ་དོ་དམ”གྱི་དངོས་སྦྱོང་སློབ་ཚན་ཇུས་འགོད་བྱས་ཏེ། ཚགས་ཤ་དང་ནས་ཀྱི་བཟའ་བཅའ་སོགས་ཁྱད་ལྡན་ཐོན་ཟོག་བོད་ནས་སྐད་གྲགས་ཆོད་པར་རོགས་རམ་བྱས་པ། ཕ་ཡུལ་དུ་ལོག་པའི་གཞོན་ནུར“དྲ་ཚོང་ལས་གཏོད་གསོ་སྐྱོང་བྱ་ཡུལ”བཙུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།