དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྩལ་ནུས་འགྲན་བསྡུར་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད།

    —— ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་པད་མ་གྲོང་རྡལ་གྱིས“གསར་བརྗེའི་ཆབ་མདོ·དར་རྒྱས་མདུན་སྐྱོད”ཅེས་པའི་རིམ་སྤེལ་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-11

    ཉེ་ཆར་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་པད་མ་གྲོང་རྡལ་དུ་གཉེར་བའི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་འགྲན་བསྡུར་ཐོག་མའི་བྱེད་སྒོ་སྤེལ་ཡུལ་དུ་ལོ་42ལ་སླེབས་པའི་གནས་རབ་གྲོང་ཚོའི་ཡུལ་མི་བློ་བཟང་ལ་སྲོལ་རྒྱུན་བསླས་འཐག་རྩལ་ནུས་ཀྱི་གྲོང་རྡལ་རིམ་པའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད། ཁོང་ནི་བསླས་འཐག་ལག་རྩལ་ལ་བྱང་ཆུབ་པ་ཞིག་ཡིན་པ་མ་ཟད། དེ་བས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་དང་རྒྱུན་འཛིན་བྱེད་མཁན་ཞིག་ཀྱང་ཡིན་པ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ནང་ཞིང་འབྲོག་པ་139ཡིས་བསླས་འཐག་ལག་རྩལ་དང་། མར་འདོན་པ། ཐང་ག་འབྲི་བ་སོགས་རྣམ་གྲངས་ཆེན་པོ་དགུ་ལ་དམིགས་ནས་འགྲན་རྩོད་དྲག་པོ་བྱས་པ་རེད།

    2025ལོའི་ཚུན་དུ། པད་མ་གྲོང་རྡལ་གྱིས“གསར་བརྗེས་ཁྲིད་སྟོན་དང་། རིག་གནས་ཀྱིས་བློ་སྒྲིལ། ཐོན་ལས་ཀྱིས་མཐུན་རྐྱེན་སྦྱོར་བ”བཅས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་ཏེ། “གསར་བརྗེའི་ཆབ་མདོ·དར་རྒྱས་མདུན་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་མང་ཚོགས་རང་བཞིན་གྱི་བྱེད་སྒོ་གྲོང་རྡལ་ཡོངས་སུ་ཚ་ཚ་འུར་འུར་ངང་སྤེལ་བ་དང་། མང་ཚོགས་དང་འབྲེལ་འདྲིས་ཟབ་པའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། འཁྲུག་ཆ་དོད་པའི་རྩལ་ནུས་འགྲན་བསྡུར། ཐབས་ལམ་མང་པོའི་གྲུབ་འབྲས་གཞན་སྒྱུར་བཅས་བརྒྱུད་གསར་བརྗེའི་བརྗོད་དོན་གཙོ་བོ་ཏན་ཏིག་མངོན་པར་བྱས་ནས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་པ་རེད།

    ཟླ་3ཚེས་12ཉིན། པད་མ་གྲོང་རྡལ་དུ“གསར་བརྗེའི་ཆབ་མདོ·དར་རྒྱས་མདུན་སྐྱོད”ཅེས་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་འགྲན་བསྡུར་སྐབས་དང་པོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། བདམས་ཐོན་པ་153གྱིས་འགྲན་བསྡུར་ཁྲོད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱངས་པའི་གྲུབ་འབྲས་ངོམས་སྟོན་བྱས་པ་རེད། གཏམ་རྒྱུད་གྱེར་འདོན་བྱེད་རིང་བདམས་ཐོན་པས་སྙན་པའི་དབྱངས་དང་དུང་བའི་སེམས་ལ་བརྟེན་ནས་མི་དམངས་ཀྱི་སྤྱི་ཞབས་པ་ཁུང་ཧྥན་སེན་དང་དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པ་སོགས་ཀྱི་མི་སེམས་འགུལ་བའི་གསར་བརྗེའི་གཏམ་རྒྱུད་བརྗོད་ནས་འབད་བརྩོན་ཡར་རྒྱས་ཀྱི་དྲང་ནུས་བརྒྱུད་སྤྲོད་བྱས་པ་མ་ཟད། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བབ་ཆགས་པའི་བརྩེ་སེམས་ཀྱང་མཚོན་པར་བྱས་པ་རེད།

    པད་མ་གྲོང་རྡལ་གྱི་དེང་རབས་ཐོན་སྐྱེད་རྩལ་ནུས་འགྲན་བསྡུར་སྐབས་དང་པོའི་རྣམ་གྲངས་ཁག་ཀྱང་གཅིག་རྗེས་གཉིས་མཐུད་ངང་སྤེལ་འགོ་ཚུགས་ཤིང་། སྔོག་འཕྲུལ་དང་ལྡུག་འཁོར་གྱི་བཀོལ་སྤྱོད་རྩལ་ནུས་འགྲན་བསྡུར་གྱིས་མི་མང་པོའི་ཡིད་དབང་བཀུག་ཡོད།

    འགྲན་བསྡུར་ཁྲོད་ཞིང་འབྲོག་པ་དང་ཚན་རྩལ་ཆེད་མངགས་པས་དྲོད་ཁང་དུ་སྔོ་ཚལ་གྱི་སྟུག་ཚད་དང་ས་རྒྱུའི་རློན་ཚད་ལ་འཆར་འགོད་ཞིབ་ཚགས་བྱས་ཏེ། སྔོ་ཚལ་སྡོང་རྐང་600བཏབ་པ་དང་། གྲོང་ཚོ་ཁག་གི་འཕྲལ་སྡོམ་དཔུང་ཁག་ནས་ཡོང་བའི་འགྲན་ཞུགས་བདམས་ཐོན་པ་18ཀྱིས་མེ་གསོད་ཁུག་མ་དང་མེ་གསོད་ཆུ་ཟོམ་ཁྱེར་བ་དང་རྨས་མ་རྒྱབ་ཏུ་ཁུར་ནས་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་གི་དངོས་འཐབ་ནུས་པར་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་བ་རེད།

    བྱེད་སྒོ་སྤེལ་བ་ནས་བཟུང་། མི་300ལྷག་ཙམ་ལ་འགྲན་བསྡུར་མ་བྱས་གོང་གི་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད། སྔོག་འཕྲུལ་བཀོལ་སྤྱོད་དང་། དྲོད་ཁང་ཆེན་པོའི་སྔོ་ཚལ་འདེབས་འཛུགས། མགྲོན་ཁང་གི་ཞབས་ཞུ། གཡོས་སྦྱོར་གྱི་རྩལ་ནུས་ཁོང་དུ་ཆུད་ནས་ལས་ཞུགས་རྩལ་ནུས་ཆེ་རུ་ཕྱིན་ཡོད། བསྐྱར་འགྲན་ཁྲོད་ཨང་དང་པོ་ནས་གསུམ་པ་བར་གྱི་བདམས་ཐོན་པ་74ལ་བསྡོམས་བྱ་དགའི་དངུལ་སྒོར་51700ཐོབ་པ་དང་། གྲོང་ཚོ(སྡེ་ཁུལ)ཁག་གིས་དུད་འབྲེལ་དྲ་མིག་ལ་གཞི་ཚུགས་ནས“གྲོང་ཚོའི་སྐོར་ཞིབ་རུ་ཁག་དང་ནགས་ཚལ་སྐོར་ཞིབ་རུ་ཁག”དང་། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ཚོགས་ཆུང་། འགལ་ཟླ་རྩོད་གཞི་འདུམ་འགྲིག་ཚོགས་ཆུང་སོགས་སྔར་བས་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ་དང་བདེ་འཇགས་སྔོན་འགོག་དང་ཁོར་ཡུག་བཅོས་སྒྲིག་ལ་ཞུགས་པས། “དོན་ཆུང་གྲོང་ཚོ་ནས་མི་ཐོན་པ”མངོན་འགྱུར་བྱུང་བ་དང་དུས་མཚུངས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱང་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།