དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དུ།

    ཟླ་བ་དང་པོ་ནས་བཞི་པ་བར་ཕྱིར་གཏོང་ནང་འདྲེན་ཁུལ་ནས་དངོས་ཟོག་དབོར་འདྲེན་བྱེད་ཚད་དུས་མཚུངས་ལས་ལྡབ་གཉིས་ཙམ་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-11

    ད་ལོར། རང་སྐྱོང་ལྗོངས་དང་འགག་སྒོ་ལས་ཁུངས་ཀྱིས་ཕྱི་ཕྱོགས་ཚོང་དོན་ལ་རྒྱབ་སྐྱོར་བྱ་ཐབས་རབ་དང་རིམ་པ་རྒྱུན་མཐུད་བཏོན་པ་དང་བསྟུན་ནས། ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དུ་ཁྲལ་སྡོམ་ལས་གཉེར་བྱེད་འགོ་ཚུགས་ཚུན་གྱི་ལས་བྲེལ་ཆེ་ཤོས་ཀྱི་དུས་ཚིགས་སླེབས་ཡོད། འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ཟླ་བ་དང་པོ་ནས་བཞི་པ་བར། ལྷ་ས་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་ཁུལ་ནས་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་8235.63ཟིན་པ་དེ་དུས་མཚུངས་ལས་ལྡབ་1.98འཕར་བ་དང་། འགག་སྒོ་ལས་ཁུངས་ཀྱིས་ཕྱིར་གཏོང་ནང་འདྲེན་ཁུལ་གྱི་དབོར་འདྲེན་འཁོར་རིགས་ཁྱོན་ཐེངས་358ལ་ལྟ་འདོམས་བྱས་པ་དེ་དུས་མཚུངས་ལས་55.65%འཕར་ཡོད་པ་རེད།

    ཟླ་བ་དང་པོ་ནས་བཞི་པ་བར། ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་1099ཕྱིར་གཏོང་བྱས་པ་དེ་ལྡབ་3.19འཕར་ཏེ། ཆུ་ཚད་མཐོ་བའི་སྒོ་དབྱེའི་མཐོ་ས་གསར་པའི་ཕྱོགས་སུ་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། ད་ལོའི་ཟླ་བ་3པར། ནུས་རྒྱུ་གསར་པའི་རླངས་འཁོར་ཁག་དང་པོའི་གློག་སྡོང་51ནེ་པ་ལར་ཕྱིར་གཏོང་བྱས་པ་ལས། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཐོན་ལས་འཁོར་འབྲེལ་ཕྱིར་གཏོང་སྔར་བས་རྒྱ་ཆེར་ཕྱིན་པ་མཚོན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།