དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་འགག་སྒོས།

    འགག་སྒོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-11

    འདི་ནི་ལྷ་ས་འགག་སྒོའི་ཁོངས་གཏོགས་སྐྱིད་གྲོང་འགག་སྒོའི་ལས་དོན་པས་ནེ་པ་ལར་སྐྱོད་མཁན་གྱི་ཟོག་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ། (པར་འདི་ནི་ལྷ་ས་འགག་སྒོས་མཁོ་འདོན་བྱས)

    ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ཀྱི་འགྲོ་ལམ་གལ་ཆེན་ཞིག་ཡིན་པའི་སྐྱིད་གྲོང་འགག་སྒོ་ནི་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་དང་བར་ཐག་སྤྱི་ལེ་150ལྷག་ཙམ་ལས་མེད། 2022ལོའི་ཟླ་བ་3པར། སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་པར་ཆོག་མཆན་ཐོབ་སྟེ། དེ་ནི་བོད་ཀྱི་རྒྱལ་ཁབ་རིམ་པའི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་པོར་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་། སྐྱིད་གྲོང་འགག་སྒོའི་མཐའ་མཚམས་ཚོང་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་མྱུར་པོ་འགྲོ་བའི་རྣམ་པ་མངོན་པ་དང་། ལྷག་པར་དུ། 2022ལོའི་ཟླ་བ་12པ་ནས་བཟུང་འགག་སྒོའི“ཕྱོགས་གཉིས་ཀྱི་ཟོག་འགྲུལ”སླར་གསོ་བྱུང་སྟབས། ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཐུབ་ཡོད།

    བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2024ལོར། སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་རིན་ཐང་སྒོར་དུང་ཕྱུར་40 ལས་ཐོག་མར་བརྒལ་ནས་སྒོར་དུང་ཕྱུར་42.48ཟིན་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་སུ་སླེབས་པ་དེ་དུས་མཚུངས་ལས་27.58%འཕར་ཡོད་པ་རེད། ད་ལོའི་དུས་ཚིགས་དང་པོར། སྐྱིད་གྲོང་འགག་སྒོའི་ཕྱི་ཕྱོགས་ཚོང་དོན་དབྱར་མཚོ་རྒྱས་པ་ལྟར་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་རིན་ཐང་སྒོར་དུང་ཕྱུར་10ལས་བརྒལ་བ་དེ་2017ལོར་འགག་སྒོ་སྒོ་འབྱེད་རྒྱ་ཆེར་བཏང་ཚུན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།

    གྲངས་གཞི་མཐོ་རུ་ཕྱིན་པ་ལས་སྐྱིད་གྲོང་འགག་སྒོས་འགག་སྒོ་སྒྲོལ་བའི་ལས་ཆོད་ཆེ་རུ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བའི་གྲུབ་འབྲས་གང་ལེགས་མངོན་ཡོད།

    སྐྱིད་གྲོང་འགག་སྒོས“གཉིས་སྤོར་གཉིས་གཅོག”(ལྟ་འདོམས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཕྱིར་གཏོང་གི་འགག་སྒོ་སྒྲོལ་ཡུན་ཐུང་དུ་གཏོང་བ། ཕྱིར་གཏོང་གི་གཉེར་སྐྱོང་མ་གནས་དམའ་རུ་གཏོང་བ)གི་བྱ་ཐབས་བརྒྱུད། ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་རིང“ཁེ་ལས་རེ་ལ་ཐབས་ཇུས་རེ”ཡི་ཞབས་ཞུ་ལག་ལེན་བསྟར་བ་དང་། ཆུ་ཚོད་24རིང“ལྗང་མདོག་བགྲོད་ལམ”ཤར་གཏོང་རེ་ཞུ་ཐུབ་པར་བྱས་ནས། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་རིང“ལྕགས་ལམ་དང་གཞུང་ལམ་ནས་མཉམ་དུ་སྐྱེལ་འདྲེན”བྱེད་སྟངས་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱས་ནས་ཕྱིར་གཏོང་གི་མ་གནས་དམའ་རུ་གང་ནུས་བཏང་བ་རེད།

    ལྷ་ས་འགག་སྒོའི་ཁོངས་གཏོགས་སྐྱིད་གྲོང་འགག་སྒོའི་འབྲེལ་ཡོད་འགན་འཁུར་བས།“‘ལྕགས་ལམ་དང་གཞུང་ལམ་ནས་མཉམ་དུ་སྐྱེལ་འདྲེན’བྱེད་སྟངས་སྤྱད་པ་དེས་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་བཟོ་གྲྭ་གནས་ཡུལ་ནས་མཚོ་བོད་ལྕགས་ལམ་དང་། རྒྱལ་ལམ་318དང་། 219 216བཅས་བརྒྱུད། སྐྱིད་གྲོང་འགག་སྒོའི་ཨེ་ཤེ་ཡ་ལྷོ་མར་ཐད་ཀར་སྐྱོད་པའི་དུས་གཏན་མེ་འཁོར་བར་གྱི་ལམ་ཐིག་བཏོད་པར། རང་རྒྱལ་ནས་ཐོན་པའི་རླངས་འཁོར་ཉིན་10ཡི་ནང་བཟོ་གྲྭ་ནས་ནེ་པ་ལར་ཐད་ཀར་འབྱོར་ཐུབ་པ་བྱུང་ཡོད”ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་གསུམ་རིང་། ནུས་རྒྱུ་གསར་པའི་རླངས་འཁོར་ཐོག་མར་ལོ་རེར་བརྒྱ་ཕྲག་ཁ་ཤས་དབོར་བ་ནས་ད་ལྟ་ལོ་རེར་སྟོང་ཕྲག་དབོར་བའི་བར་མང་དུ་ཕྱིན་ཏེ། སྐྱིད་གྲོང་འགག་སྒོ་ནས་རླངས་འཁོར་ཕྱིར་གཏོང་བྱེད་མང་ཤོས་སུ་གྱུར་ཡོད། ཟླ་བ་དང་པོ་ནས་བཞི་པའི་བར། སྐྱིད་གྲོང་འགག་སྒོ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་1973ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་13.59%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།