དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོའི་དུས་ཐེངས་དང་པོའི་ཀྲུང་ཧྭའི་རྐང་མར་མཛོད་ཀྱི་འཚོལ་བསྡུ་དང་སྤོ་འཛུགས་སྨན་ཁང་གི་མཐུན་སྦྱོར་པའི་གསོ་སྦྱོང་འཛིན་གྲྭ་ཉིང་ཁྲིར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-11

    ཚེས་6ནས་8ཉིན་བར་ཀྲུང་ཧྭའི་རྐང་མར་མཛོད་ཀྱིས་གཙོ་གཉེར་དང་ཉིང་ཁྲི་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་གཉེར་རོགས་བྱས་པའི“2025ལོའི་དུས་ཐེངས་དང་པོའི་ཀྲུང་ཧྭའི་རྐང་མར་མཛོད་ཀྱི་འཚོལ་བསྡུ་དང་སྤོ་འཛུགས་སྨན་ཁང་གི་མཐུན་སྦྱོར་པའི་གསོ་སྦྱོང་འཛིན་གྲྭ”ཉིང་ཁྲི་གྲོང་ཁྱེར་དུ་གཉེར་བ་རེད།

    གསོ་སྦྱོང་འཛིན་གྲྭ་དེ་ཁྲག་བཟོ་ཕྲ་ཕུང་ཨ་མ་སྤོ་འཛུགས་ཀྱི་འབྲེལ་ཡོད་ཤེས་བྱ་དང་རྩལ་ནུས་ལ་དམིགས་ནས་བཙུགས་པ་དང་མཐུན་སྦྱོར་པའི་ཆེད་ལས་བྱང་ཚད་དང་ལས་སྒོའི་འཇོན་ཐང་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུར་གཞོལ་བ་ཞིག་རེད། ལས་རིགས་ནང་ཁུལ་གྱི་དབང་གྲགས་ཆེ་བའི་རིགས་གཅིག་མཁས་ཅན་སློབ་ཁྲིད་བྱེད་པར་གདན་དྲངས་ཤིང་། ཁོང་ཚོས་ཁྲག་བཟོ་ཕྲ་ཕུང་ཨ་མ་སྤོ་འཛུགས་ཀྱི་འཕེལ་རིམ་གསར་ཤོས་དང་། འཚོལ་བཤེར་དང་སྡེབ་དབྱིབས་ཀྱི་རྩ་བའི་རིགས་པ་དང་བརྒྱུད་རིམ། དེ་བཞིན་སྤོ་འཛུགས་བརྒྱུད་རིམ་ཁྲོད་ཀྱི་ནད་སྐྱོང་པས་གཞོགས་འདེགས་བྱེད་དགོས་པའི་གཙོ་གནད་སོགས་ཀྱི་ནང་དོན་གསལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ནང་རྒྱལ་ཡོངས་ཀྱི་ས་ཁོངས་བརྒལ་བའི་སྤེལ་རེས་ལ་ཆེད་ལས་ཀྱི་ལས་སྟེགས་བསྐྲུན་པ་མ་ཟད། ད་དུང་ས་ཁུལ་བརྒལ་བའི་མཐུན་སྦྱོར་ལམ་སྲོལ་འཛུགས་པར་རྨང་གཞི་བརྟན་པོའང་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།