ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་དུས་རབས་བྱ་སྤྱོད་ཀྱི་2025ལོའི་དྲིལ་བསྒྲགས་བྱེད་སྒོ་སི་ཁྲོན་དུ་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་དུས་རབས་བྱ་སྤྱོད་ཀྱི་2025ལོའི་དྲིལ་བསྒྲགས་བྱེད་སྒོ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་རུ་འགོ་ཚུགས་པ་རེད། ད་ལོའི་དྲིལ་བསྒྲགས་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་བརྟན་པོ་འཛུགས་དགོས”ཞེས་པ་དེ་ཡིན། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་དུས་རབས་བྱ་སྤྱོད་ཀྱི་བྱེད་སྒོ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གིས་སྣེ་ཁྲིད་ནས་གཉེར་བ་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་དུས་རབས་བྱ་སྤྱོད་ཀྱི་དྲིལ་བསྒྲགས་བྱེད་སྒོ་1993ལོ་ནས་བཟུང་གཉེར་བ་དང་། དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་ཁྱབ་ཁོངས་སུ་ཤུགས་རྐྱེན་དང་སྤྱི་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་ལྡན་པའི་སྤུས་རྟགས་གལ་ཆེན་ཞིག་རེད། འགོ་ཚུགས་ཚོགས་འདུ་འཚོགས་རྗེས་བཅར་འདྲི་ཚོགས་པ་ཁྲེང་ཏུའུ་དང་། ལུའུ་ཀྲོའུ། དབྱི་པིན་བཅས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་བཅར་འདྲི་བྱ་རྒྱུ་ཡིན་པ་རེད།