འབྲི་ཆུའི་ཟུར་གསུམ་ཁུལ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོ་འདུས་མནའ་འབྲེལ་གྱི་སྒོ་བྱང་བཀལ་ནས་བཙུགས་པ།
ཚེས་7ཉིན། ཅང་སུའུ་ནན་ཅིང་དུ་འཚོགས་པའི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་བདུན་པར་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོ་འདུས་མནའ་འབྲེལ་སྒོ་བྱང་བཀལ་ནས་བཙུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོ་འདུས་མནའ་འབྲེལ་གྱིས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་མཐུན་སྦྱོར་ལམ་སྲོལ་སྒྲོམ་གཞིའི་འོག རྒྱལ་ཁབ་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོ་འདུས་གཙོ་བོར་བྱེད་པ་དང་། འཛམ་གླིང་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོ་འདུས་ཐུན་མོང་ཐོག་སྐྱེད་སྲིང་བྱ་རྒྱུ་དམིགས་ཚད་དུ་བྱས་ནས་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གི་ཐོན་ལས་རྨང་གཞིའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་། ལེགས་ཆ་གསབ་རེས། སོ་སོའི་དགེ་མཚན་འདོན་སྤེལ་བཅས་བྱས་ཏེ། སྔར་ལས་ཆེ་བའི་ཁྱབ་ཁོངས་ནང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་སྒྲུབ་དྲ་རྒྱ་བཙུགས་ནས། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོ་འདུས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།