ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་ཚོགས་འདུས་ནོར་སྲིད་དང་དངུལ་རྩའི་མཉམ་ལས་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱས་པ།
ཉེ་ཆར། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་བྱ་སྤྱོད་སྤེལ་ནས་ས་ཁོངས་ཀྱི་ནོར་སྲིད་དང་དངུལ་རྩའི་མཉམ་ལས་ཟབ་ཏུ་གཏོང་བར་ཕྱོགས་ཁག་གིས་རྒྱབ་སྐྱོར་བྱས་པ་དང་དེའི་ནང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་གསར་སྤེལ་དངུལ་ཁང་འཛུགས་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནོར་སྲིད་དང་དངུལ་རྩའི་རིག་མཛོད་དྲ་རྒྱ་སོཌ་འཛུགས་པར་སྐུལ་འདེད་གཏོང་བ་ཚུད་ཡོད།
ཚོགས་འདུས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་པ་དང་ནོར་སྲིད་པུའི་པུའུ་ཀྲང་ལན་ཧྥོ་ཨན་དང་ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་ཕན་ཀུང་ཧྲེང་གིས་མཉམ་དུ་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
ཚོགས་འདུའི་ཐོག་གོ་ལ་ཧྲིལ་པོ་དང་ས་ཁོངས་ཀྱི་དཔལ་འབྱོར་དང་དངུལ་རྩའི་དུས་བབ་དང་འགྲན་སློང་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་དང་། ནོར་སྲིད་དངུལ་ལོར་དང་། ལྗང་མདོག་ཕྱོགས་སྒྱུར། དངུལ་རྩ་འཕེལ་རྒྱས་སོགས་ཐད་ཀྱི་རྒྱལ་ཁབ་ཁག་གི་སྲིད་ཇུས་ལག་ལེན་མཉམ་སྤྱོད་བྱས་པ་རེད།