“ཇ་སྟོན་བཤམས། གནམ་འོག་མཐུན། ཤེས་དཔལ་གླེང་མོལ”ཞེས་པའི་བྱེད་སྒོ་མོ་རི་ཐིའུ་སིར་སྤེལ་བ།
“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ”ཐེངས་དང་པོ་འཆར་ཉེའི་མཚམས་ཀྱི་ཚེས་7ཉིན“ཇ་སྟོན་བཤམས། གནམ་འོག་མཐུན། ཤེས་དཔལ་གླེང་མོལ”ཞེས་པའི་བྱེད་སྒོ་མོ་རི་ཐིའུ་སིའི་རྒྱལ་ས་ལོ་དབྱི་སི་གྲུ་ཁར་གནས་པའི་མོ་རི་ཐིའུ་སི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་སྤེལ་བ་དང་། ཀྲུང་གོ་དང་མོ་རི་ཐིའུ་སི་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མི་སྣ་200ཙམ་བྱེད་སྒོར་ཞུགས་ཡོད་པ་རེད། འདི་ནི་ཟླ་6ཚེས་7ཉིན། མོ་རི་ཐིའུ་སིའི་རྒྱལ་ས་ལོ་དབྱི་སི་གྲུ་ཁའི་བྱེད་སྒོ་སྤེལ་ཡུལ་དུ་ཀྲུང་གོ་དང་མོ་རི་ཐིའུ་སི་རྒྱལ་ཁབ་གཉིས་པོའི་སྐུ་མགྲོན་གྱིས“དར་གོས་ལམ་བུར་ཕྱིར་དྲན། ཀྲུང་གོའི་རྫ་དཀར”བརྗོད་དོན་དུ་བྱས་པའི་ཅང་ཤིས་ཀྱི་རྫ་དཀར་རིག་གནས་འགྲེམས་སྟོན་གྱི་ཡོལ་ཁེབས་འབྱེད་བཞིན་པ།