འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཆེས་མཐོ་གནོན་ཐད་རྒྱུག་ལས་གྲྭ་མཐུད་སྦྲེལ་ཐུབ་པ།
གསར་འགོད་པར་རྒྱལ་ཁབ་གློག་དྲ་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཆེས་མཐོ་གནོན་ཐད་རྒྱུག་ལས་གྲྭ་སྟེ་འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་དབར་གྱི་ཆན་ཧྥུའུ±800ཆེས་མཐོ་གནོན་ཐད་རྒྱུག་གློག་འདྲེན་ལས་གྲྭ་ཡོངས་སུ་མཐུད་སྦྲེལ་ཐུབ་ཡོད་པ་རེད། རྣམ་གྲངས་དེས་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་དང་ནུས་རྒྱུ་གསར་པ་ཧྭ་ཀྲུང་ཆེས་མཐོ་གནོན་སྤེལ་རྒྱུག་རྐང་འཛིན་དྲ་སྒྲོམ་ལ་སྦྲེལ་ཡོད། གློག་ལམ་དེ་བོད་ལྗོངས་དང་། སི་ཁྲོན། ཁྲུང་ཆིང་། ཧུའུ་པེ་བཅས་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)བཞི་བརྒྱུད་དེ་སྤྱིའི་རིང་ཚད་ལ་སྤྱི་ལེ་1901ཟིན་ཡོད། རྣམ་གྲངས་བསྐྲུན་ཚར་རྗེས། རང་རྒྱལ་གྱི་ཤོང་ཚད་ཆེ་བའི“ཆུ་འོད་གསབ་རེས”ཀྱི་ནུས་རྒྱུ་གཙང་མ་ལྗོངས་སྒྲོལ་ཕྱིར་གཏོང་གི་ཐད་རྒྱུག་གློག་ལམ་ཐོག་མར་འགྱུར་རྒྱུ་དང་ལོ་རེར་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་400རེ་སྐྱེལ་ཐུབ་རྒྱུ་ཡིན་པ་རེད།