དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • 2025ལོའི་བོད་ལྗོངས་ཡར་ཀླུང་གཙང་པོའི་སྙེ་མོའི་འཕྱོ་གཡེང་འགྲན་བསྡུར་དང་ཐོན་པའི་བྱེས་བགྲོད་འཚོལ་ཞིབ་འགྲན་བསྡུར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-10


    འདི་ནི་ཟླ་6ཚེས་8ཉིན་བོད་ལྗོངས་ཡར་ཀླུང་གཙང་པོའི་སྙེ་མོའི་འཕྱོ་གཡེང་འགྲན་བསྡུར་བྱ་ཡུལ་ཡིན་པ།

    ཟླ་6ཚེས་8ཉིན་2025ལོའི་བོད་ལྗོངས་ཡར་ཀླུང་གཙང་པོའི་སྙེ་མོའི་འཕྱོ་གཡེང་འགྲན་བསྡུར་དང་ཐོན་པའི་བྱེས་བགྲོད་འཚོལ་ཞིབ་འགྲན་བསྡུར་སྙེ་མོ་རྫོང་དུ་དངོས་སུ་འགོ་ཚུགས་པ་དང་འགྲན་བསྡུར་ནང་རྒྱལ་ཡོངས་ཀྱི་བྱེས་བགྲོད་ལུས་རྩལ་ལ་དགའ་པོ་བྱེད་མཁན་300ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནི་སྙེ་མོ་རྫོང་གིས“རིག་གནས་དང་། ཡུལ་སྐོར། ལུས་རྩལ”བཅས་མཉམ་འདྲེས་གཏིང་ཟབ་བྱེད་པའི་གསོན་ཉམས་དོད་པའི་འགྲེམས་སྟོན་ཞིག་ཡིན་ཞིང་། གོམ་སྟབས་རྗེས་མར་སྙེ་མོ་རྫོང་གིས་ས་གནས་ཀྱི་ཁྱད་ལྡན་ལུས་རྩལ་ཡུལ་སྐོར་སྤུས་རྟགས་རྒྱུན་མཐུད་བཏོད་དེ་འབྲེལ་ཡོད་སྒྲིག་ཆས་དང་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ནས་སྤུས་ཚད་ལེགས་པའི་རིག་གནས་ལུས་རྩལ་བྱེད་སྒོ་དེ་བས་མང་བ་སྤེལ་རྒྱུར་རྨང་གཞི་བཏིང་ཐོག་མི་དེ་བས་མང་བ་ས་མཐོར་ཡོང་ནས་དཔག་ཏུ་མེད་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།