དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ཁུངས་བསྡུ་སྒྲིལ་ལ་སྐུལ་འདེད་བཏང་བ།

    —— ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་བཅོས་སྐྱོང་ཆུ་ཚད་མུ་མཐུད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-10

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་ནུས་ལྡན་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། རྩ་འཛུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཐོན་ཁུངས་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས་ཆེད་དོན་བཅོས་སྒྲིག་ཤུགས་ཆེན་བྱས་ཤིང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་23ལེགས་སྒྲིག་བྱས་པ་དང་། “བློ་བདེའི་གྲོང་ཚོ”70ལ་དཔེ་སྟོན་སྣེ་ཁྲིད་དང་། “གྲོང་ཚོ་དཀྱུས་མ”208ལ་ཕུལ་བྱུང་གསོ་སྐྱོང་དང་མཐོར་གཏོང་། “གཙོ་གནད་གྲོང་ཚོ”38ཀྱི་རྨང་གཞི་བརྟན་གཏོང་དང་ལེགས་སྒྲིག་བཅས་ལ་སྐུལ་འདེད་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་བཙན་རྫོང་ནུས་པ་ཆེ་རུ་བཏང་བ་རེད། གཞུང་ཕྱོགས་སུ་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ཞིང་། དྲ་མིག་ཏང་རྩ་འཛུགས་1680དང་། ཐོག་ཁང་གི་ཏང་ཚོགས་ཆུང་600ལྷག་ཙམ། ཏང་ཡོན་གྱི་ལྟེ་བའི་དུད་ཚང་ཁྲི་3ལྷག་ཙམ་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བཅོས་སྐྱོང་གི“མཇུག་སྣེར”ཏང་རྩ་འཛུགས་ཁྱབ་པར་བྱས་ཡོད། འཕྲེད་ཕྱོགས་སུ་ཤོང་ཚད་རྒྱ་སྐྱེད་ཤུགས་ཆེ་རུ་བཏང་ཞིང་། གྲོང་གསེབ་ཀྱི་རིམ་གཉིས་ཏང་ཨུད་ཆེན་པོ་དང་ལས་དོན་ཨུ་ལྷན་ཆེན་པོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཤུགས་བརྒྱབ་ཐོག ཆུས་སུ་བཅའ་སྡོད་ཚན་པའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་ཁྱོན་ཡོངས་ནས་བསྡུས་པས། གྲོང་ཁྱེར་ཡོངས་སུ“གསུམ་ལྡན”ཚད་གཞིའི་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་91.7%དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་100%ཟིན་ཏེ། ཏང་གི་རྩ་འཛུགས་རྨང་གཞི་སྔར་བས་བརྟན་དུ་དང་བཅོས་སྐྱོང་གི་མཉམ་ཤུགས་གཅིག་སྒྲིལ་ཐུབ་ཡོད།

    དེ་དང་ཆབས་ཅིག་སྟོབས་ཤུགས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་བཏང་ཞིང་། དྲ་མིག་པ་3246བསྡུས་པ་དང་། ཁག་བཅུ་གསུམ་པའི་གྲོང་སྡོད་ལས་བྱེད་པ་1360མངགས་པ། ཁག་ཐེངས་གསུམ་གྱི་སྡེ་ཁུལ་གྱི་ལས་དོན་པ་1214བསྡུས་པ་རེད། གསར་དར་སྟོབས་ཤུགས་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཤིང་། སྡེ་ཁུལ་དང་ཚོང་སྐོར་ཁང་ལས་ལ་བརྟེན་ནས་མྱུར་སྐྱེལ་ཟོག་འགྲེམས་དང་མངགས་ཉོ་སྡེབ་སྐྱེལ་སོགས་གསར་དར་ཁྱབ་ཁོངས་ཀྱི་ལས་གཉེར་མི་སྣ་350ལྷག་ཙམ་སྡེ་ཁུལ་གྱི་ལས་འགན་གཅིག་ལྕོགས་ཀྱི་དྲ་མིག་པར་བསྐོས་ཏེ། ཁྲོམ་གཞུང་དང་སྲང་ལམ་དུ་སྐྱོད་པའི་ལས་ཀའི་ལེགས་ཆ་འདོན་སྤེལ་བྱས་ནས་དམངས་འདོད་བསྡུ་རུབ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་རེད།

    གཞི་རིམ་གྱི་ཁུར་པོ་ཡང་དུ་གཏིང་ཟབ་བཏང་ཞིང་། སྲིད་འཛིན་ཆོག་འཐུས་དོན་ཚན་ཁག་30ཤང་དང་གྲོང་རྡལ(ཁྲོམ་གཞུང)ལ་སྤྲོད་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཚོའི(སྡེ་ཁུལ)ལས་དོན་དོན་ཚན་འཇུག་འཐུས་གསལ་ཐོ་བཟོ་བ། གྲོང་ཁྱེར་རིམ་པའི་ཡིག་ཆ་སྤྲོད་ཚད་དང་ཚོགས་འདུ་འཚོགས་ཚད་སོ་སོར་13.6%དང་31.2%ཉུང་དུ་གཏོང་བ་བཅས་བྱས་ནས་གཞི་རིམ་ལས་བྱེད་པར་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དུས་ཚོད་དང་སེམས་ནུས་དེ་བས་མང་བ་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།