དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་མང་ཚོགས་ཀྱི་ཐང་ཆེན་ཞབས་བྲོའི་གསོ་སྦྱོང་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-10

    ཉེ་ཆར། འཕྱོངས་རྒྱས་རྫོང་གིས་དུས་ཡུན་ཉིན་10ཡི་མང་ཚོགས་ཀྱི་ཐང་ཆེན་ཞབས་བྲོའི་གསོ་སྦྱོང་གཉེར་འགོ་ཚུགས་ཤིང་། ཐང་ཆེན་ཞབས་བྲོར་དགའ་པོ་བྱེད་མཁན་40ལྷག་ཙམ་དེའི་ནང་ཞུགས་པ་དེ་འཕྱོངས་རྒྱས་རྫོང་གིས་སྤྱི་པའི་རིག་གནས་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གཏོང་བར་རམ་འདེགས་བྱེད་པའི་བྱ་ཐབས་ནུས་ལྡན་གཞན་ཞིག་ཏུ་གྱུར་ཡོད།

    གསོ་སྦྱོང་དེ“རྩལ་ནུས་མཐོར་གཏོང་དང་རིག་གནས་རྒྱུན་འཛིན”ཟུང་དུ་འབྲེལ་བ་དམིགས་ཚད་དུ་བྱས་ཏེ་མཚན་མོའི“རིགས་པའི་གཞུང་ལུགས་དང་ལག་ལེན”ཟུང་དུ་འབྲེལ་བའི་སློབ་ཁྲིད་ཐོག་ནས་སློབ་མའི་རྒྱུན་གཏན་འཚོ་བར་ལྟ་རྟོག་བྱེད་ཀྱི་ཡོད་པ་རེད། སློབ་མ་ཚོས་གསར་རྩོམ་གྱི་སྒོར་གཞས་6དང་དར་ཁྱབ་ཆེ་བའི་སྐོར་བྲོ་4གོ་རིམ་ལྡན་པའི་ངང་སྦྱོང་བ་དང་ཆེད་ལས་དགེ་རྒན་གྱིས་འཁྲབ་སྟངས་ཚད་ལྡན་དུ་གཏོང་བར་མཛུབ་ཁྲིད་བྱ་རྒྱུ་རེད། བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་མི་20ཡན་གྱི་དཔེ་སྟོན་དཔུང་ཁག་འཛུགས་པ་དང་གཞི་རིམ་གྱི་རིག་རྩལ་རྐང་འཛིན་གསོ་སྐྱོང་བྱས་ནས་སྲོལ་རྒྱུན་ཞབས་བྲོ་གསོན་ཉམས་དོད་པོས་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་ཤང་དང་གྲོང་རྡལ་གྱི་ཐང་ཆེན་ཞབས་བྲོ་ཁྱབ་གདལ་གཏོང་སྟངས་ལག་བསྟར་བྱ་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།